འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།གས་རྡིབ་ཆག་རོ་ནས་ཐ་ཅི་ཁེ་རིགས་ཀྱི་བྱིས་པ་ཞིག་བསྐྱབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་12ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།གས་རྡིབ་ཆག་རོ་ནས་ཐ་ཅི་ཁེ་རིགས་ཀྱི་བྱིས་པ་ཞིག་བསྐྱབས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་11ཉིན་གྱི་ཆུ་ཚོད་17དང་སྐར་མ་50ཡོལ་ཙམ་ལ། ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཐེབས་ཁུལ་ཁུའུ་ཙེ་ཀུན་གྲོང་སྡེར་འཚོལ་སྐྱོབ་ཀྱི་ལས་ལ་ཞུགས་པའི་ནན་ཅང་དམག་ཁུལ་ཁང་གི་མཐའ་སྲུང་མདའ་ཤོག་གི་ཁྲེན་ཀྲི་ཀང་གིས་གས་རྡིབ་བྱུང་བའི་ཁང་པའི་ནང་ནས་ངུ་སྒྲ་ཐོས་མ་ཐག་ལམ་སེང་གས་རྡིབ་ཆག་རོའི་ནང་དུ་འཛུལ་བ་ན། གདུང་མའི་འོག་དུ་མནན་པའི་བྱིས་པ་ཞིག་མཐོང་བས། འཕྲལ་མར་ལོ་ལྔ་ལ་སོན་པའི་ཐ་ཅི་ཁེ་རིགས་ཀྱི་བྱིས་པ་འདི་བསྐྱབས་པ་རེད།
         ཤིན་ཅང་ཁ་ཧྲི་ས་ཁུལ་གྱི་ཐཱ་ཧྲི་ཁུར་ཀན་ཐ་ཅི་ཁེ་རང་སྐྱོང་རྫོང་དུ་ས་ཡོམ་རིམ་པ་5.5བྱུང་བ་དང་། ཚེས་11ཉིན་གྱི་ཆུ་ཚོད་11བར་དུ་མི་8རྐྱེན་ལམ་དུ་ཤོར་བ་དང་། མི་23ལ་རྨས་སྐྱོན་ཕོག་ཡོད་པ་རེད། ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཐེབས་ཁུལ་ཐཱ་ཧྲི་ཁུར་ཀན་ཤང་གི་ཁུའུ་ཙེ་ཀུན་གྲོང་སྡེར་མི་འབོར་220ཡོད་པ་དང་། ས་ཕག་ལས་བརྒྱབ་པའི་ཁང་མིག་1520ཚང་མ་རྡིབ་པ་རེད།
    ༄༅།།གས་རྡིབ་ཆག་རོ་ནས་ཐ་ཅི་ཁེ་རིགས་ཀྱི་བྱིས་པ་ཞིག་བསྐྱབས་པ།
    ༄༅།།གས་རྡིབ་ཆག་རོ་ནས་ཐ་ཅི་ཁེ་རིགས་ཀྱི་བྱིས་པ་ཞིག་བསྐྱབས་པ།
      

    ཕྱོགས་བསྡུས་གསར་འགྱུར།