འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།"རྒྱུད་གཅིག་ལམ་གཅིག་"གི་བརྙན་རིས་ཐུང་ངུ་《ལམ་ཆེན་དུ་སྐྱོད་པ་》སང་ཉིན་
    གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་12ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།'རྒྱུད་གཅིག་ལམ་གཅིག་'གི་བརྙན་རིས་ཐུང་ངུ་《ལམ་ཆེན་དུ་སྐྱོད་པ་》སང་ཉིན་
གཏོང་རྒྱུ་ཡིན་པ།
          གནའ་བོའི་དུས་ནས་ད་ལྟ་བར་དང་། བྱེ་ཐང་དུ་རྒྱུ་བའི་རྔ་མོང་གི་དྲིལ་བུའི་སྒྲ་ནས་རྒྱ་མཚོའི་གཡོ་གྲུའི་སྣང་བརྙན་བར། ཤར་ཕྱོགས་རྒྱལ་ཁབ་ཆེན་པོ་ནས་ཕྱོགས་བཞི་མཚམས་བརྒྱད་བར་སྟེ། དར་གོས་འགྲུལ་ལམ་ལོ་ངོ་སྟོང་གི་དུས་ཚོད་ལས་བརྒལ་ཡོད་པ་དེ་ད་ལྟ་ཡང་བསྐྱར་པེ་ཅིང་གྲོང་ཁྱེར་གྱི་ཡན་ཞི་མཚེའུ་ཡི་འགྲམ་ངོགས་སུ་རེ་བའི་ཉི་ཟེར་འཕྲོ་རྒྱུ་ཡིན་པ་རེད།
          "རྒྱུད་གཅིག་ལམ་གཅིག"རྒྱལ་སྤྱིའི་མཉམ་ལས་དབུ་འཛིན་གླེང་སྟེགས་མ་འཚོག་གོང་ལ། ཤིན་ཧྭ་གསར་འགྱུར་ཁང་གིས"རྒྱལ་ཁབ་པར་རིས"ཚན་བྱང་གི་དམིགས་བསལ་ལེ་ཚན་དུ། — བརྙན་རིས་ཐུང་ངུ་《ལམ་ཆེན་དུ་སྐྱོད་པ་》ཞེས་པ་མི་འགྱངས་པར་ཕྱིར་གདོན་རྒྱུ་ཡིན་པ་རེད། ཕྱོགས་བསྡུས་བརྙན་ཐུང་འདི་རུ་འདྲ་པར་དང་། བརྙན་རིས། 3Dའགུལ་རིས་སོགས་སྤྱད་དེ་སྐུ་ཉིད་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་འགོ་བཏོན་པའི"རྒྱུད་གཅིག་ལམ་གཅིག"གི་ཕུན་ཚོགས་ཞིང་ཁམས་ཤིག་ཏུ་འབྱོར་ཐུབ་ལ། "སྦྲེལ་བ་ལྔ"ཡི་འདུ་ཤེས་དང་། འཛུགས་སྐྲུན་གྱི་མཐོ་རླབས། འདུན་པ་ཆེན་པོ་བཅས་ངོ་མཚར་ཆེ་བའི་སྣང་བརྙན་དང་དབང་ཤེས་གཡོ་བའི་སྒྲ་གཟུགས་ཀྱི་གདོང་ཐུག་ཁྲོད་བརྗིད་ཆགས་མཛེས་སྡུག་དེ་མངོན་ཡོང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།