མི་དམངས་དྲ་བ།

༄༅།།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་
ནས་《དམག་དོན་ཁྲིམས་འཛུགས་ལས་དོན་གྱི་སྲོལ་ཡིག་》ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་12ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་10ཉིན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་ནས་《དམག་དོན་ཁྲིམས་འཛུགས་ལས་དོན་གྱི་སྲོལ་ཡིག་》ཡོངས་བསྒྲགས་བྱས་ཤིང་། སྲོལ་ཡིག་དེ་2017ལོའི་ཟླ་5ཚེས་8ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་པ་རེད།
     སྲོལ་ཡིག་ནང་ཁྱོན་ས་བཅད་12དང་དོན་ཚན་78བཟོས་ནས་དུས་བབ་གསར་པའི་འོག་གི་དམག་དོན་ཁྲིམས་འཛུགས་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་གཞི་རྩའི་རྩ་དོན་གསལ་སྟོན་བྱས་པ་དང། དམག་དོན་ཁྲིམས་སྲོལ་དང་། དམག་དོན་སྒྲིག་སྲོལ། དམག་དོན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཅས་ཀྱི་དབང་ཚད་གཏན་འཁེལ་བྱས་པ། དམག་དོན་ཁྲིམས་སྲོལ་ལམ་ལུགས་བཟོ་བའི་འཆར་འགོད་དང་འཆར་གཞི་དང་། འཆར་ཟིན་དང་སྙན་འབུལ་དང་། ཞིབ་བཤེར། གཏན་འབེབས་དང་ཡོངས་བསྒྲགས། བཟོ་བཅོས་དང་མཚམས་འཇོག་སོགས་ཀྱི་ཞིབ་ཕྲའི་གོ་རིམ་ཚད་ལྡན་བཟོས་པ། དམག་དོན་ཁྲིམས་སྲོལ་ལམ་ལུགས་ཀྱི་ཐོ་འགོད་སྙན་སེང་ཞིབ་བཤེར་དང་། གཙང་བཤེར་ཕྱོགས་སྒྲིག གསལ་འགྲེལ་ལ་སྤྱོད་པ་དང་སྒྲིག་སྟངས་ཚད་ལྡན་སོགས་ཀྱི་འབྲེལ་ཡོད་ལམ་ལུགས་གཏན་འཁེལ་བྱས་པ། དམག་དོན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་དོ་དམ་ལམ་ལུཌ་འཐུས་སྒོ་ཚང་དུ་བཏང་ཡོད་པ་རེད།