འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་དང་པོའི་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་གསར་གཏོད་འགྲན་
    བསྡུར་ཆེ་མོ་པེ་ཅིང་དུ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་12ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། སྐབས་དང་པོའི་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་གསར་གཏོད་འགྲན་བསྡུར་ཆེ་མོ་པེ་ཅིང་དུ་གཉེར་བ་རེད། ཆུ་ཚོད་26འགྲན་བསྡུར་བྱས་པ་བརྒྱུད། ཀྲུང་གོ་མི་དམངས་སློབ་ཆེན་ཞོར་གཏོགས་སློབ་འབྲིང་གི་ཚོད་ལྟའི་སློབ་ཆུང་དང་། ཁྲེང་ཏུའུ་ཧྲེ་ཧྲི་ཧྲོང་ནན་ཚོད་ལྟའི་སློབ་གྲྭ། ཝུའུ་ལུའུ་མུའུ་ཆིའི་སློབ་འབྲིང་བཅུ་གསུམ་པ། ཡུན་ནན་ཞིང་ཆེན་ཨན་ཉིང་སློབ་འབྲིང་བཅས་ལས་གྲུབ་པའི་མཐའ་སྣེའི་གདོང་ལེན་རུ་ཁག་ལ་ཨང་དང་པོ་ཐོབ་པ་རེད། འགྲན་བསྡུར་ནང་ད་དུང་ཡོན་ཧྲིའི་དམིགས་བསལ་བྱ་དགའ་དང་། བསམ་བཀོད་ཡག་ཤོས་ཀྱི་བྱ་དགའ། ལག་རྩལ་ཡག་ཤོས་ཀྱི་བྱ་དགའ་བཅས་སྤྲད་པ་རེད།
         རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་གསར་གཏོད་འགྲན་བསྡུར་ཆེ་མོ་ནི་ཚན་རྩལ་ཉིན་རེའི་ཚགས་པར་ལས་ཁུངས་དང་། ཀྲུང་གོ་གསར་གཏོད་མཐུན་ཚོགས། ཀྲུང་གོ་སློབ་གསོའི་ཚགས་པར་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་སྤྱི་ཕན་རང་བཞིན་གྱི་ཚན་རིག་སློབ་གསོའི་བྱེད་སྒོ་ཞིག་རེད། འགྲན་བསྡུར་ཆེ་མོའི་ནང་ཕྲུ་གུ་ཚོར་སྤྱི་ཚོགས་ཀྱི་གནད་དོན་ལ་དེ་བས་དོ་ཁུར་བྱས་ཏེ་ཚན་རིག་མཁས་ཅན་ལྟར་བསམ་བློ་གཏོང་ཤེས་པ་དང་བཟོ་སྐྲུན་ཆེ་མོ་བ་ལྟར་ལག་ཟུང་འགུལ་ནས་ལག་ལེན་ཤེས་པ་བྱེད་དགོས་པའི་ཁྲིད་སྟོན་བྱས་ཏེ་ཚན་རྩལ་དེ་བས་ཆོ་ཡོད་པ་དང་ཡིད་དབང་འཕྲོག་ཤུགས་ལྡན་པ་བྱས་ཡོད། འགྲན་བསྡུར་ཆེ་མོ་དེ་ཟླ་དང་པོ་ནས་གྲབས་གཉེར་བྱས་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་20ལྷག་ཙམ་གྱི་སློབ་གྲྭ་འབྲིང་ཆུང་200ལྷག་ཙམ་འགྲན་བསྡུར་ནང་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་སྤུས་ཚད་མཐོ་བའི་བརྩམས་ཆོས་500ལྷག་ཙམ་འབྱོར་ཡོད་པ་རེད། འགྲན་ཞུགས་པའི་ཁྲོད་ཁ་ན་ཏ་དང་ཨོ་སི་ཁྲུ་ལི་ཡ་སོགས་ཕྱི་རྒྱལ་གྱི་སློབ་མའང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།