འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་པུའུ་ཡིས་རྒྱལ་ཡོངས་སུ་སྤྱི་དམངས་ཀྱི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་བསྐྱར་
    ཟློས་མི་གྲངས་8བར་དུ་ཉུང་དུ་བཏང་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་28ཉིན། 15:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལོ་3གྱི་རིང་ལ་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་ཁྱོན་བསྡོམས་བསྐྱར་ཟློས་ཐེམ་ཐོ་ཁྲི་306.7གཙང་བཤེར་བྱས་པ་དང་། ཐེམ་ཐོ་ནས་སུབ་དགོས་ཀྱང་བསུབས་མེད་པའི་ཐེམ་ཐོ་ཁྲི་212.5གཙང་བཤེར་བྱས་ནས་ཐེམ་ཐོ་འགོད་ནོར་ཤོར་བའི་རྣམ་གྲངས་ཁྲི་1101ཡོ་བསྲང་བྱས་པས། རྒྱལ་ཡོངས་སུ་སྤྱི་དམངས་ཀྱི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་བསྐྱར་ཟློས་མི་གྲངས་ཁྲི་171ནས་མི་8བར་དུ་ཉུང་དུ་བཏང་ཡོད་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་མི་འདི་8ཀྱི་ཆ་འཕྲིན་ལ་དམིགས་བསལ་གྱི་མཆན་འགོད་བྱས་ཡོད་པ་རེད།
         གསར་འགོད་པས་ཤེས་རྟོགས་བྱུང་བར། སྤྱི་བདེ་ལས་ཁུངས་ཀྱིས་གཙང་བཤེར་དག་ཐེར་ལས་ཀ་བྱེད་རིང་ཁྱོན་བསྡོམས་ཐེམ་ཐོ་རྫུན་བཟོ་དང་ཉོ་ཚོང་བྱས་པའི་གྱོད་དོན་430ཞིབ་གཅོད་བྱས་ལ། ཁྲིམས་འགལ་ཉེས་གསོག་མི་སྣ་702རྩད་ཞིབ་ཐག་གཅོད་བྱས་པ་དང་། སྒྲིག་ཁྲིམས་དང་ཁྲིམས་ལུགས་ལྟར་སྤྱི་བདེ་ལས་ཁུངས་ནང་ཁུལ་གྱི་མི་སྣ་249(མི་དམངས་ཉེན་རྟོག་པ་188དང་། ཉེན་དོན་རམ་འདེགས་མི་སྣ61)རྩད་ཞིབ་ཐག་གཅོད་བྱས་ཤིང་། དེའི་ཁྲོད་དུ་མི་སྣ་70ལ་ཆད་གཅོད་བྱས་པ་དང་། མི་69ལ་ཉེས་འགན་བདའ་འདེད་བྱས་ཡོད་པ་རེད།
         སྤྱི་བདེ་པུའུ་ཡི་ཏང་ཨུད་ཧྲུའུ་ཅི་གཞོན་པ་དང་པུའུ་ཀྲང་གཞོན་པ་ཧོང་མིང་གིས་སྤྱི་བདེ་ལས་ཁུངས་རིམ་པ་ཁག་གིས་སྤྱི་དམངས་ཀྱི་ཐོབ་ཐང་ལག་ཁྱེར་ཡུལ་གཞན་དུ་བདག་སྤྲོད་བྱེད་པ་དང་། བོར་ཏེ་ལེན་རེ་ཞུ་བ། བོར་བ་ལེན་བརྡ་གཏོང་བ་བཅས་ཀྱི“ལམ་ལུགས་གསུམ”ཁྱབ་སྤེལ་གཏིང་ཟབ་པོ་བཏང་སྟེ་ད་ལོའི་ཟླ་7ཚེས་1ཉིན་རྒྱལ་ཡོངས་སུ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བར་འགན་ལེན་ཏན་ཏིག་བྱ་དགོས་པ་དང་། ཕྱོགས་ཡོངས་ནས་རྫོང་(གྲོང་ཁྱེར་)ཁག་གིས་སྤྱི་དམངས་ཀྱི་ཐོབ་ཐང་ལག་ཁྱེར་ཡུལ་གཞན་དུ་བདག་སྤྲོད་བྱེད་པའི་ལས་ཀ་ཕྱོགས་ཡོངས་ནས་སྒྲུབ་འགོ་བརྩམ་དགོས་ཤིང་། ས་གནས་ཁག་དང་ཁྱད་པར་དུ་ལས་དོན་སྤེལ་མྱུར་བལྟོས་བཅས་ཀྱི་དལ་བའི་ས་ཁུལ་གྱིས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་ནན་ཏན་གྱིས་ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་བྱས་ཏེ་ད་ལོའི་ཟླ་7ཚེས་1ཉིན་ནས་རྒྱལ་ཡོངས་ཀྱི་རྫོང་(གྲོང་ཁྱེར་)ཡོངས་སུ་ཡུལ་གཞན་དུ་སྤྱི་དམངས་ཀྱི་ཐོབ་ཐང་ལག་ཁྱེར་བདག་སྤྲོད་ལས་ཀ་སྒྲུབ་འགོ་བརྩམ་དགོས་པ་དང་། ཐེམ་ཐོ་མེད་པའི་མི་སྣའི་ཐེམ་ཐོའི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་པར་སྐུལ་འདེད་བཏང་སྟེ་ས་ཁུལ་ཉུང་ཤས་སུ་སྟོབས་ཤུགས་གཅིག་སྒྲིལ་གྱིས་རྩད་ཞིབ་གཙང་བཤེར་དང་གཙོ་གནད་དུ་བཟུང་སྟེ་ལྟ་སྐུལ་སློབ་སྟོན་བྱས་ནས་ད་ལོའི་ལོ་མཇུག་གོང་ལ་ཐེམ་ཐོ་མེད་པའི་མི་སྣའི་ཐེམ་ཐོའི་གནད་དོན་གཞི་རྩའི་ཐོག་ཐག་གཅོད་པར་བརྩོན་ལེན་བྱ་དགོས་ཞེས་ནན་བཤད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།