འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་སྐྱེས་པའི་གཟེབ་གྲུག་རུ་ཁག་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་
    འགྲན་བསྡུར་ནང་ཞུགས་པར་སྐྱེལ་མའི་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་20ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱི་སྐྱེས་པའི་གཟེབ་གྲུག་རུ་ཁག་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་
འགྲན་བསྡུར་ནང་ཞུགས་པར་སྐྱེལ་མའི་བྱེད་སྒོ་སྤེལ་བ།
          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་19ཉིན། ལྷ་སའི་ས་གཙང་སྐྱེས་པའི་གཟེབ་གྲུག་རུ་ཁག་གིས་བོད་རང་སྐྱོང་ལྗོངས་ཀྱི་འཐུས་ཚབ་བྱས་ནས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དར་མའི་ཚོ་ཆུང་གི་གྲ་སྒྲིག་འགྲན་བསྡུར་ནང་ཞུགས་པར་སྐྱེལ་མའི་བྱེད་སྒོ་སྤེལ་ཞིང་། གཟེབ་གྲུག་རུ་ཁག་གིས་ཟླ་4ཚེས་23ཉིན་ནས་29ཉིན་བར། ཅང་ཞི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་དུ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་གཟེབ་གྲུག་འགྲན་ཚོགས་ཀྱི་གྲ་སྒྲིག་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པ་རེད།
           རྩལ་ཁྲིད་པ་གཙོ་བོ་ཁྲེང་ཧྥེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་འགྲན་བསྡུར་ལ་ཞུགས་པའི་རུ་ཁག་ནང་། རུ་མིའི་ལོ་ཚད་ཆ་སྙོམས་ལོ་21ཡིན་པ་དང་། རུ་ཁག་ནང་བོད་རིགས་རུ་མི་10དང་རྒྱ་རིགས་རུ་མི་3ཡོད་པ། བོད་རིགས་རུ་མི་ཕྱེད་ཀ་ཙམ་ནི་1995ལོའི་རྗེས་སུ་སྐྱེས་པ་ཡིན་ལ། ཆུང་ཤོས་ནི་ལོ་19ཙམ་ཡིན་པ་རེད།
          "ཐེངས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་རེ་བ་ལྟར་ན། འགྲན་བསྡུར་ནང་ཉུང་མཐར་ཡང་1995ལོའི་རྗེས་སུ་སྐྱེས་པའི་རུ་མི་གཉིས་ཡོད་དགོས་སྟབས། གཟེབ་གྲུག་རུ་ཁག་གིས་ཐེངས་འདིའི་གོ་སྐབས་དང་བསྟུན་ནས་བོད་རིགས་གཞོན་སྐྱེས་གཟེབ་གྲུག་རྩེད་མི་གསོ་སྐྱོང་བྱེད་རྒྱུ་ཡིན་པ་རེད།" ཁྲེང་ཧྥེང་གིས་བསྟན་དོན། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་མཇུག་སྒྲིལ་རྗེས། ཁོང་ཚོའི་ཁྲོད་ཀྱི་མི་ཁ་ཤས་ས་གཙང་ན་གཞོན་རུ་ཁག་གི་གྲབས་གསོག་མི་སྣར་འཇོག་རྒྱུ་དང་། གཞན་ཁ་ཤས་ཤིག་ཐད་ཀར་ས་གཙང་རུ་ཁག་དང་པོའི་ནང་འཐེན་ཏེ་NBLའགྲན་ཚོགས་སུ་ཞུགས་རྒྱུ་ཡིན་པ་རེད།
          ཐེངས་འདིར། བོད་ལྗོངས་སྐྱེས་པའི་གཟེབ་གྲུག་རུ་ཁག་ནི་ལུའོ་ཉིང་དང་། བཅིངས་འགྲོལ་དམག ཧུའུ་པེ། ཅི་ལིན། ཨའོ་མོན། ཧོ་ནན། ཁྲུང་ཆིང་བཅས་ཀྱི་རུ་ཁག་དང་ཚོ་ཆུང་གཅིག་ཡིན་ཞིང་། འགྲན་ཐེངས་དང་པོ་ནི་ལུའོ་ཉིང་རུ་ཁག་དང་འགྲན་དགོས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།