འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།“འགག་རྩའི་ཉུང་ཤས”ཀྱིས་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་རྒྱུར་དམ་འཛིན་བྱེད་དགོས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་20ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
              —— “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་ འགྱུར་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་སྐོར་གྱི་གླེང་ཐེངས་གཉིས་པ།
             འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
             “འགག་རྩའི་ཉུང་ཤས”ཀྱིས་འགག་རྩའི་འགན་འཁྲི་འཁུར་དགོས་པ་དང་། “འགག་རྩའི་ཉུང་ཤས”ཀྱིས་འགག་རྩའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ནང“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ཐད“འགག་རྩའི་ཉུང་ཤས”ལ་དམ་འཛིན་བྱེད་དགོས་པའི་ནན་བཤད་གནང་ཡོད། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བར“འགག་རྩའི་ཉུང་ཤས”ཀྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་རྒྱུར་སྐུལ་འདེད་བཏང་ནས་འགོ་ཁྲིད་ལས་ཁུངས་དང་ལས་བྱེད་པས་སྣེ་ཁྲིད་མིག་དཔེ་སྟོན་རྒྱུ་མཐའ་འཁྱོངས་བྱེད་དགོས།
              ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བར་རིམ་ཁག་ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པར་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་ལ་དཔེ་སྟོན་གྱི་འགན་འཁྲིའང་ཡོད། དངོས་ཡོད་འཚོ་བའི་ནང་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པ་ཁག་གཅིག་ལ“གློག་སྒྲོན་འོག་གི་གྲིབ་ཆ”དང་། “གཞན་གྱི་སྐྱོན་ཆ་འཚོལ་བ་ལས་རང་གི་སྐྱོན་ཆ་མི་ཤེས་པའི”གནད་དོན་གནས་ཡོད་པ་སྟེ། དཔེར་ན། མི་གཞན་སློབ་སྦྱོང་བྱེད་དུ་འཇུག་པ་ལས་རང་ཉིད་ཀྱིས་སློབ་སྦྱོང་དངོས་འབྲེལ་མི་བྱེད་པ་དང་། ཁྲལ་སེལ་སླ་བཅོས་དང་སྒྱིད་ལུག་ངང་ཁ་གཏད་གཅོག་པ། གཞི་རིམ་ལ་དག་ཐེར་བྱེད་རྒྱུས་རང་ཉིད་དག་ཐེར་བྱེད་རྒྱུའི་ཚབ་བྱེད་པ་སོགས་ཡིན། གལ་ཏེ་འགོ་ཁྲིད་ལས་ཁུངས་ཀྱིས་སྣེ་ཁྲིད་དཔེ་སྟོན་མ་བྱས་ཚེ་གཞི་རིམ་ལ་བླང་བྱ་ཇི་ལྟར་འདོན་དགོས་སམ། གལ་ཏེ་འགོ་ཁྲིད་ལས་བྱེད་པས་སྣེ་མ་ཁྲིད་ཚེ་མི་གཞན་ལ་བླང་བྱ་འདོན་པའི་ཐོབ་ཐང་གང་ཡོད་དམ། དེ་ལྟར་ཡིན་པའི་རྐྱེན་གྱིས་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་དེ་བས་མཐོ་བའི་ཚད་གཞི་ཡོད་པ་དང་། མདུན་གྲལ་དུ་སྐྱོད་པ། མིག་དཔེ་ཡག་པོ་འདོན་པ་བཅས་བྱས་ཚེ་གཞི་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་མཉམ་དུ་སློབ་སྦྱོང་དང་མཉམ་དུ་ཚད་ལོན་ཐུབ་ནས་གོང་དཔེ་འོག་ལྟའི་སྤྱི་ཡོངས་ཀྱི་ཕན་ནུས་ཐོན་ཏེ་ཏང་གི་རྩ་འཛུགས་ཀྱིས་འགན་ནུས་སྒྲུབ་པ་དང་སྲོག་ཤིང་གི་ནུས་པ་འདོན་སྤེལ་ཐུབ་པའི་འགན་ལེན་དང་། འགོ་ཁྲིད་ལས་བྱེད་པས་སྤྱོད་གཙང་འགན་འཁུར་དང་མིག་དཔེའི་ནུས་པ་འདོན་སྤེལ་ཐུབ་པའི་འགན་ལེན། རྒྱ་ཆེའི་ཏང་ཡོན་ཚོས་རང་དཔེ་གཞན་སྟོན་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཐུབ་པའི་འགན་ལེན་བཅས་བྱེད་ཐུབ།
             འགོ་ཁྲིད་ལས་བྱེད་པས་མིག་དཔེ་བསྟན་ཏེ་གཞན་གྱི་སྣེ་ཁྲིད་ནས་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་གོ་བ་གཏིང་ཟབ་ལེན་དགོས། ཏང་ཡོན་དཀྱུས་མར་སློབ་སྦྱོང་བྱེད་དགོས་པའི་བླང་བྱ་འདོན་རིགས་འགོ་ཁྲིད་ལས་བྱེད་པས་སྔོན་ལ་སློབ་སྦྱོང་ཐུབ་པ་བྱེད་དགོས་པ་དང་དུས་མཚུངས་སྔར་ལས་ལྷག་པའི་ངང་སློབ་སྦྱོང་གཏིང་ཟབ་བྱེད་དགོས། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་སློབ་སྦྱོང་དང་གསུང་བཤད་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་དེ་བས་ལེགས་པའི་ངང་ལས་དོན་དང་འཚོ་བའི་ནང་ཁྱབ་པ་བྱེད་པ་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་ཐད་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་ནས་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གྱི་ཆབ་སྲིད་ཀྱི་དོན་སྙིང་དང་། རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་བཅས་གསལ་ཤེས་གང་ལེགས་ཐུབ་པ་བྱས་ཏེ་དེའི་ནང་འདུས་པའི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་གསུང་བཤད་གལ་ཆེན་རབ་དང་རིམ་པའི་ནང་མངོན་པའི་བླ་ན་མེད་པའི་ཆབ་སྲིད་ཀྱི་ཕུགས་བསམ་དང་། མངོན་གསལ་དོད་པའི་མི་དམངས་ཀྱི་ལངས་ཕྱོགས། ཧ་ཅང་ལྕི་བའི་ལོ་རྒྱུས་ཀྱི་འགན་འཁྲི། འགྱུར་བ་མེད་པའི་རིག་གནས་ཀྱི་གདེང་ཚོད། དངོས་སྒྲུབ་དོན་གཉེར་གྱི་ལས་ཀའི་སྤྱོད་ཚུལ། ཚན་རིག་དང་མཐུན་པའི་བསམ་བློ་གཏོང་སྟངས་དང་ལས་ཀའི་བྱ་ཐབས་བཅས་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བའི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས། དེ་ལྟར་བྱས་ཚེ་གཞི་ནས་རྒྱ་ཆེའི་ཏང་ཡོན་ཚོར་མིག་དཔེ་བསྟན་ནས་ཏང་ཡོན་ལས་བྱེད་པ་དེ་བས་མང་བས་རང་རྟོགས་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་རྒྱུར་སྣེ་ཁྲིད་བྱེད་ཐུབ།
             འགོ་ཁྲིད་ལས་བྱེད་པས་མིག་དཔེ་ཡག་པོ་འདོན་པར་གཞན་གྱི་སྣེ་ཁྲིད་ནས་ཚད་ལོན་གྱི་ཏང་ཡོན་དང་ཚད་ལོན་གྱི་འགོ་ཁྲིད་ལས་བྱེད་པ་ཞིག་བྱེད་དགོས། གོ་གནས་རིམ་པ་གང་ཞིག་ཡིན་པ་དང་ལས་གནས་གང་ཞིག་གི་འགོ་ཁྲིད་ལས་བྱེད་པ་ཡིན་རུང་ཚང་མས“ཚད་ལོན་བཞིའི”ཚད་གཞི་སྣེ་ཁྲིད་ནས་ལག་ལེན་བསྟར་ཏེ་གཞན་ལ་བསྒྲུབ་རྒྱུའི་བླང་བྱ་འདོན་རིགས་རང་ཉིད་ཀྱིས་སྔོན་ལ་སྒྲུབ་དགོས་པ་དང་། གཞན་ལ་མི་སྒྲུབ་རྒྱུའི་བླང་བྱ་འདོན་རིགས་རང་ཉིད་ཀྱིས་སྔོན་ལ་སྒྲུབ་མི་རུང་། སྣེ་ཁྲིད་དེ་དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་གྱིས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ་དང་། སྣེ་ཁྲིད་དེ་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཧེ་བག་འཚོལ་བ་དང་ལེགས་བཅོས་བྱེད་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པ། སྣེ་ཁྲིད་དེ་རང་གཅུན་ནན་པོ་བྱས་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་ཡག་པོ་དར་སྤེལ་གཏོང་དགོས་པ། སྣེ་ཁྲིད་དེ་འགན་འཁྲི་ཁུར་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་གི་ནང་གདོང་ལེན་པ་བྱེད་དགོས། འགོ་ཁྲིད་ལས་བྱེད་པས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”ནང་ཞུགས་མཁན་དང་། ལག་ལེན་བསྟར་མཁན། དཔེ་སྟོན་མཁན་བཅས་ཡག་པོ་བྱས་ཚེ་གཞི་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་མཐོང་སྐབས་དེའི་རྗེས་སྙེགས་ནས་སྔོན་ཐོན་ལ་སློབ་སྦྱོང་དང་། སྔོན་ཐོན་གྱི་རྗེས་སྙེག་པ། སྔོན་ཐོན་བརྩོན་ལེན་བྱེད་པ་བཅས་ཀྱི་དུས་རབས་ཀྱི་དར་སྲོལ་ལ་སྣེ་ཁྲིད་བྱེད་ཐུབ།
             རང་ངོས་སྤྱོད་ཚུལ་ཡག་པོ་བྱུང་ཚེ་གཞི་ནས་ཀུན་གྱི་ཡིད་ཆེས་ཐོབ་པ་དང་། རང་དཔེ་གཞན་སྟོན་བྱས་ཚེ་གཞི་ནས་གཞན་གྱི་བློ་ཡིད་འགུག་ཐུབ། གཞན་གྱི་མདུན་དུ་སྐྱོད་པ་དང་། གཞན་གྱི་མདུན་དུ་ལས་དོན་སྒྲུབ་པ། མིག་དཔེ་ཡག་པོ་འདོན་པ་བཅས་ལས་མཚོན་པ་ནི་ཧུར་སྐྱེད་ཡར་བརྩོན་གྱི་རྣམ་འགྱུར་ཞིག་ཡིན་ལ་གུང་ཁྲན་ཏང་མིའི་ཏང་གཤིས་ཀྱི་འོད་སྟོང་ཞིག་དེ་བས་ཀྱང་ཡིན། ཏང་ཡོན་འགོ་ཁྲིད་ལས་བྱེད་པས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཚེ་གཞི་ནས་རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་ཐུབ་པ་དང་། རིམ་པ་སྟར་ཆགས་བཞིན་གནོན་ཤུགས་བརྒྱུད་སྤྲོད་ཐུབ་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཞི་རིམ་དུ་ཁྱབ་གདལ་དང་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐུབ་ངེས་རེད།
      

    ཕྱོགས་བསྡུས་གསར་འགྱུར།