འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱིས་ཕྱི་ཕྱོགས་ལ་མ་དངུལ་གཏོང་ཚད་ ཨ་སྒོར་
    དུང་ཕྱུར་205.4ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་20ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་18ཉིན། ཚོང་དོན་པུའུ་མཉམ་ལས་སིའི་འགན་འཁུར་བས་བཤད་དོན། འདི་ལོའི་ཟླ་དང་པོ་ནས་གསུམ་པའི་བར་རང་རྒྱལ་མངའ་ཁོངས་ནང་གི་མ་འཇོག་མཁན་གྱིས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་129ཡི་མངའ་ཁོངས་ཕྱིའི་ཁེ་ལས་2170ལ་དངུལ་རྩའི་རིགས་མིན་པའི་ཐད་ཀའི་མ་འཇོག་བྱས་པར་རིམ་རྩིས་བརྒྱབ་ན་ཨ་སྒོར་དུང་ཕྱུར་205.4ཟིན་ནས་དུས་མཚུངས་ལས་48.8%ཆག་ཡོད། ཟླ་3པ་ཁོ་ནར་ཕྱི་ཕྱོགས་ལ་ཐད་ཀར་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་71.1ཟིན་ནས་དུས་མཚུངས་ལས་30.1%ཆག་ཡོད་པ་རེད།
           ཕྱི་ཕྱོགས་ལ་ལས་གྲྭ་འགན་གཙང་བླངས་པའི་ལས་གཉེར་དངུལ་གྲངས་ཨ་སྒོར་དུང་ཕྱུར་292.6ཟིན་ནས་དུས་མཚུངས་ལས་2.8%ཆག་པ་དང་། གསར་དུ་བཞག་པའི་གན་རྒྱའི་དངུལ་གྲངས་ཨ་སྒོར་དུང་ཕྱུར་429.6ཟིན་ནས་དུས་མཚུངས་ལས་7.0%ཆག་པ་རེད། ཟླ་3པ་ཁོ་ནར་ཚོང་གཉེར་གྱི་ཡོང་འབབ་ཨ་སྒོར་དུང་ཕྱུར་124.9ཟིན་ནས་དུས་མཚུངས་ལས་8.5%འཕར་བ་དང་གསར་དུ་བཞག་པའི་གན་རྒྱའི་དངུལ་གྲངས་ཨ་སྒོར་དུང་ཕྱུར་179.2ཟིན་ནས་དུས་མཚུངས་ལས་22.2%འཕར་ཡོད་པ་རེད།
          ཕྱི་ཕྱོགས་ཀྱི་ངལ་ནུས་མཉམ་ལས་ནང་ངལ་ནུས་མི་སྣ་ཁག་ཁྲི་10.5བཏང་བ་དེ་ན་ནིང་གི་དུས་མཚུངས་ལས་མི་ཁྲི་0.5མང་དུ་ཕྱིན་པ་དང་། ཟླ་3པའི་ཟླ་མཇུག་ཏུ་ཕྱི་ཕྱོགས་སུ་ཡོད་པའི་ངལ་ནུས་མི་སྣ་ཁག་བསྡོམས་ཁྲི་91.4ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།