འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོར་སྡོད་ཁང་འཛུགས་སྐྲུན་པུས་རྒྱལ་ཡོངས་སུ་བོགས་གཏོང་གཞུང་ཁང་ཁྲི་200
    གསར་དུ་བགོ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་20ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། སྡོད་ཁང་འཛུགས་སྐྲུན་པུའུ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། འདི་ལོ་རང་རྒྱལ་གྱིས་བོགས་གཏོང་གཞུང་ཁང་རྒྱག་པ་དང་བགོས་ནས་མགྱོགས་མྱུར་སྡོད་རྒྱུ་ཡོང་བ་བྱས་ཏེ་འདི་ལོའི་ནང་བོགས་གཏོང་གཞུང་ཁང་གསར་པ་ཁྲི་200སྤྲོད་རྒྱུ་ཡིན་པ་རེད། སྡོད་ཁང་འཛུགས་སྐྲུན་པུའི་པུའུ་ཀྲང་གཞོན་པ་ལུའུ་ཁེ་ཧྭས་ང་ཚོས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ནོར་སྲིད་པུའུ་ལ་གཞོགས་འདེགས་བྱས་ཏེ་བོགས་གཏོང་གཞུང་ཁང་དང་དེའི་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ས་གནས་ཁག་གིས་ཀྱང་དོན་འཁྱོལ་ལ་དམ་འཛིན་ནན་ཏན་བྱས་ནས་རྒྱབ་སྐྱོར་བྱ་ཡུལ་གྱི་བོགས་གཏོང་གཞུང་ཁང་ལོ་མཇུག་གོང་རྩིས་སྤྲོད་དང་བེད་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།
          ལོ་ཤས་རིང་ཀྲུང་དབྱང་གིས་མ་དངུལ་ཁ་གསབ་དང་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་བོགས་གཏོང་གཞུང་ཁང་རྒྱག་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། 2016ལོའི་མཇུག་ཏུ་ཁྱིམ་དུད་ཁྲི་1126བོགས་གཏོང་གཞུང་ཁང་ནང་སྤོས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་དང་ཡོང་འབབ་དམའ་བའི་ཁྱིམ་ཚང་སྤྱིར་ན་འགན་ལེན་དགོས་རིགས་ལ་འགན་ལེན་ཐུབ་པ་བྱུང་ཞིང་། ལུའུ་ཁེ་ཧྭ་ཡིས་2011ལོར་སྡོད་ཁང་འཛུགས་སྐྲུན་པུས་བོགས་གཏོང་གཞུང་ཁང་དག་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་ལ་དཀའ་ངལ་ཡོད་པའི་ཡོང་འབབ་དམའ་འབྲིང་ཁྱིམ་ཚང་དང་། སྡོད་ཁང་མེད་པའི་ལས་བཟོ་གསར་པ། ཕྱི་ནས་ཡོང་བའི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་གཏན་འཇགས་ཀྱི་ལས་མི་བཅས་ལ་བོགས་མར་གཏོང་རྒྱུར་ཕྱོགས་ཡོད། ས་གནས་ཕལ་ཆེ་བར་དོན་འཁྱོལ་ཡག་པོ་བྱུང་བ་དཔེར་ན། ཧྲང་ཧའེ་གྲོང་ཁྱེར་གྱིས་ཐབས་ལམ་མང་པོའི་ཐོག་ནས་བོགས་གཏོང་གཞུང་ཁང་ཐོན་པ་དག་ཕྱི་ནས་ཡོང་བའི་ལས་ཞུགས་གཏན་འཇགས་ཀྱི་ལས་མིར་བཏང་བ་དང་། པེ་ཅིང་གྲོང་ཁྱེར་གྱིས་བོགས་གཏོང་གཞུང་ཁང་30%“པེ་ཅིང་བ་གསར་པར”བཏང་མོད། ཡིན་ནའང་ས་ཁུལ་ཁག་གཅིག་གིས་ཕྱི་ནས་ཡོང་བའི་ལས་མིས་བོགས་གཏོང་གཞུང་ཁང་འདུན་ཞུ་བྱེད་པའི་ཆ་རྐྱེན་མཐོ་རུ་བཏང་ནས་ཚོད་འཛིན་མང་པོ་བཟོས་ཡོད། ས་ཁུལ་དེ་དག་གིས་ཚད་གཞི་དམའ་རུ་དང་ཆོག་མཆན་སྤྲོད་པའི་ཆ་རྐྱེན་ཡངས་སུ་བཏང་སྟེ་བོགས་གཏོང་གཞུང་ཁང་འགན་ལེན་གྱི་ཁེབས་ཁྱོན་ཆེ་རུ་གཏོང་དགོས་ཞེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།