འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའུ་ཡིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་
    རྩོད་གཞི་ཡོད་པའི་ས་ཁུལ་དུ་བྱེད་སྒོ་སྤེལ་བར་རྒྱ་གར་ཕྱོགས་ལ་འབྲེལ་
    གཏུག་ཚ་ནན་བྱས་ཡོད་ཅེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་19ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཕྱི་འབྲེལ་པུའུ་ཡིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་
རྩོད་གཞི་ཡོད་པའི་ས་ཁུལ་དུ་བྱེད་སྒོ་སྤེལ་བར་རྒྱ་གར་ཕྱོགས་ལ་འབྲེལ་
གཏུག་ཚ་ནན་བྱས་ཡོད་ཅེས་བསྟན་པ།
           མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་12ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལུའུ་ཁང་གིས་ཉེ་ཆར་རྒྱ་གར་ནས་བསམ་བཞིན་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཤར་རྒྱུད་ཀྱི་རྩོད་གཞི་ཡོད་པའི་ས་ཁུལ་དུ་བྱེད་སྒོ་སྤེལ་བར་བཀོད་སྒྲིག་བྱས་པ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་དང་རྒྱ་གར་གྱི་དཔོན་པོ་ཁ་ཤས་ཀྱིས་ཀྲུང་གོ་ཕྱོགས་ལ་འཁྲུག་སློང་གི་ཆབ་སྲིད་གཏམ་བརྗོད་སྤེལ་བ་རྒྱ་ཡན་དུ་བཏང་བར། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་ལ་འབྲེལ་གཏུག་ཚ་ནན་བྱས་ཡོད་ཅེས་བསྟན་པ་རེད།
          ཉིན་དེའི་འཆར་ཅན་གསར་འགོད་པའི་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་རྒྱ་གར་སྨྱན་སྦྱོར་དུ་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། ཏཱ་ལའི་བླ་མས་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཤར་རྒྱུད་ཀྱི་རྩོད་གཞི་ཡོད་ཁུལ་དུ་བྱེད་སྒོ་སྤེལ་རིང་། ཡང་བསྐྱར་ཏཱ་ལའི་བླ་མའི་ཡང་སྲིད་འཚོལ་མིན་དང་བོད་འབྲེལ་གནད་དོན་ཐོག་ནས་ཀྲུང་གོ་སྲིད་གཞུང་ལ་ཚུར་རྒོལ་བྱས་པ་རེད། བར་སྐབས་སུ། ད་དུང་རྒྱ་གར་གྱི་དཔོན་རིགས་ཀྱིས་མཐའ་མཚམས་ཀྱི་གནད་དོན་ཐད་གཏམ་བཤད་འདྲ་མིན་ཡང་ཡང་སྤེལ་ཡོད་པ་རེད། ཀྲུང་གོ་ཕྱོགས་ལ་འདིའི་སྐོར་ནས་དཔྱད་བརྗོད་སྤེལ་རྒྱུ་ག་འདྲ་ཡོད་དམ་ཞེས་དྲི་བ་བཏོན་པ་རེད།
         ལུའུ་ཁང་གིས་ཉེ་བའི་ལོ་ཤས་ནས་བཟུང་། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་དོ་ཁུར་ལ་མི་ལྟ་བར། བསམ་བཞིན་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཤར་རྒྱུད་ཀྱི་རྩོད་གཞི་ཡོད་པའི་ས་ཁུལ་དུ་བྱེད་སྒོ་སྤེལ་བར་བཀོད་སྒྲིག་བྱས་པ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་དང་རྒྱ་གར་གྱི་དཔོན་པོ་ཁ་ཤས་ཀྱིས་ཀྲུང་གོ་ཕྱོགས་ལ་འཁྲུག་སློང་གི་ཆབ་སྲིད་གཏམ་བརྗོད་སྤེལ་བ་རྒྱ་ཡན་དུ་བཏང་ཡོད་པ་འདིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ས་ཁུལ་འདིར་བསྐྱོད་པ་དེ་རྒྱ་གར་ཕྱོགས་ཀྱིས་བརྗོད་པའི་"ཆོས་ལུགས་བྱེད་སྒོ་"ལས་བརྒལ་ཡོད་པ་དང་། རྒྱ་གར་ཕྱོགས་ཀྱི་བྱེད་ལུགས་བྱེད་སྟངས་འདི་རྒྱ་གར་སྲིད་གཞུང་གིས་བོད་འབྲེལ་གནད་དོན་ཐོག་བཞག་པའི་ཁས་ལེན་བྱས་པ་དང་འགལ་ཡོད་པ། ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་ཀྱིས་གྲོས་མོལ་ནང་རྩོད་གཞི་ཡོད་པའི་མཐའ་མཚམས་ཐག་གཅོད་བྱེད་རྒྱུར་ཤུགས་རྐྱེན་མི་ལེགས་པ་བྱུང་བ་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་ལ་འབྲེལ་གཏུག་ཚ་ནན་བྱས་པ་མ་ཟད། སྔར་ལས་ལྷག་པའི་བྱེད་ཐབས་སྤེལ་ཏེ་ཀྲུང་གོ་ཕྱོགས་ཀྱི་མངའ་ཁོངས་བདག་དབང་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།
          ལུའུ་ཁང་གིས་མཐའ་མཚམས་ཀྱི་གནད་དོན་དང་བོད་འབྲེལ་གནད་དོན་ནི་ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་རྨང་གཞིར་ཐུག་ཡོད་ལ། ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་སྔ་མོ་ཞིག་ནས་གྲོས་མོལ་བརྒྱུད་ནས་མཐའ་མཚམས་ཐག་གཅོད་བྱེད་པར་ཐུན་མོང་གི་ངོས་འཛིན་བྱུང་ཡོད་པ་དང་། རྒྱ་གར་གྱིས་བོད་འབྲེལ་གནད་དོན་ཐོག་ནས་ཀྱང་ཁས་ལེན་བྱས་པ་རེད། "ང་ཚོས་རྒྱ་གར་ཕྱོགས་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་གཞིགས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་ཆབ་སྲིད་རྨང་གཞི་སྲུང་སྐྱོང་དང་། མཐའ་མཚམས་གྲོས་མོལ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གནོད་པའི་འཁྲུག་སློང་གི་བྱེད་སྟངས་མི་སྤེལ་བར་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་འབྲེལ་བའི་སྤྱི་ཡོངས་སྲུང་རྒྱུའི་རེ་བ་ཡོད"ཅེས་ནན་གསུང་གནང་བ་རེད།
    ༄༅།།ཕྱི་འབྲེལ་པུའུ་ཡིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་
རྩོད་གཞི་ཡོད་པའི་ས་ཁུལ་དུ་བྱེད་སྒོ་སྤེལ་བར་རྒྱ་གར་ཕྱོགས་ལ་འབྲེལ་
གཏུག་ཚ་ནན་བྱས་ཡོད་ཅེས་བསྟན་པ།
      

    ཕྱོགས་བསྡུས་གསར་འགྱུར།