འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོར་སླར་ཡང་མ་ལེ་ཞི་ཡའི“ཞེང་ཚད་སྨི་གཅིག་ཡིན་པའི་ལྕཌ་ལམ”གྱི་ཤུགས་
    འགྲེམས་མེ་འཁོར་22བཟོ་བའི་མངགས་ཐོ་རག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་18ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་12ཉིན། ཀྲུང་ཁྲེ་ཀྲུའུ་ཀྲོའུ་གློག་ཤུགས་འཕྲུལ་འཁོར་ཚད་ཡོད་ཀུང་སི་དང་མ་ལེ་ཞི་ཡའི་འགྲིམ་འགྲུལ་པུས་ཁྲང་ཧྲ་རུ“ཞེང་ཚད་སྨི་གཅིག་ཡིན་པའི་ལྕགས་ལམ”གྱི་ཤུགས་འགྲེམས་མེ་འཁོར་ཉོ་ཚོང་གན་རྒྱ་གཉིས་ལ་མིང་རྟགས་བཀོད་པའི་ནང་སྒུལ་ཤུགས་མཉམ་འདྲེས་ཀྱི་གློག་སྒུལ་མེ་འཁོར་13དང་དེང་རབས་རིམ་འདས་ཤུགས་འགྲེམས་མེ་འཁོར་9ཡོད་པ་རེད། དེ་ནི་2014ལོ་ཚུན་ཀྲུང་གོར་སླར་ཡང་མ་ལེ་ཞི་ཡའི“ཞེང་ཚད་སྨི་གཅིག་ཡིན་པའི་ལྕགས་ལམ”གྱི་ཤུགས་འགྲེམས་མེ་འཁོར་གྱི་མངགས་ཐོ་ཐོབ་ཡོད།
         ཀྲུང་ཁྲེ་ཀྲུའུ་ཀྲོའུ་གློག་ཤུགས་འཕྲུལ་འཁོར་ཚད་ཡོད་ཀུང་སིའི་ཤུགས་འགྲེམས་མེ་འཁོར་ཞིབ་འཇུག་པུའི་པུའུ་ཀྲང་ཀྲོའུ་ཨན་ཏེས་ངོ་སྤྲོད་བྱས་པར་གཞིགས་ན། སྒུལ་ཤུགས་མཉམ་འདྲེས་ཀྱི་ཤུགས་འགྲེམས་མེ་འཁོར་13དེ་དག་གློག་ཤུགས་དང་རིམ་འདས་གློག་ཤོང་ལས་བཟོས་པ་ཞིག་དང་ལག་རྩལ་གསར་གཏོད་ཀྱི་ཤུགས་འགྲེམས་མེ་འཁོར་རིགས་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད། མེ་འཁོར་དེ་རིགས་རིམ་འདས་གློག་ཤོང་ཧྥ་ལ་60000ཡིས་དུས་ཐུང་ནང་གློག་མཁོ་འདོན་བྱས་ཏེ་མྱུར་ཚད་མགྱོགས་སུ་འགྲོ་ཡི་ཡོད། མེ་འཁོར་ཁ་བཀག་པའི་སྐབས་སུ་རིམ་འདས་གློག་ཤོང་ཉར་ཚགས་ཐུབ་ནས་འཁོར་སྐྱོད་བེད་སྤྱོད་དང་ནུས་རྒྱུ་ཟད་གྲོན་ཐུབ་ཀྱི་ཡོད། མེ་འཁོར་དེ་རིགས་ཀྱི་མྱུར་ཚད་སྤྱི་ལེ་100ཟིན་གྱི་ཡོད་པ་དང་འགྲུལ་པ་500ཙམ་ཤོང་གི་ཡོད།
         གཞན་ཡང་དེང་དུས་རིམ་འདས་ཤུགས་འགྲེམས་མེ་འཁོར་གཞན་དགུ་ནི་2014ལོར་ཀྲུང་ཁྲེ་ཀྲུའུ་ཀྲོའུ་གློག་ཤུགས་འཕྲུལ་འཁོར་ཚད་ཡོད་ཀུང་སིས་མ་ལེ་ཞི་ཡར་ཕྱིར་གཏོང་བྱས་པའི་འཛམ་གླིང་ཐོག་མྱུར་ཚད་མགྱོགས་ཤོས་ཀྱི་ཤུགས་འགྲེམས་མེ་འཁོར་ཞིག་རེད། ཤུགས་འགྲེམས་མེ་འཁོར་དེའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་160ཟིན་གྱི་ཡོད་པ་དང་འབྲེལ་སྔར་ཡོད་ཀྱི་རྨང་གཞིའི་ཐོག་ལག་རྩལ་རིམ་སྤོར་བྱས་པས་ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་ཆུ་ཚད་དེ་བས་ལེགས་སུ་ཕྱིན་ཡོད།
         མིག་སྔར་ཀྲུང་ཁྲེ་ཀྲུའུ་ཀྲོའུ་གློག་ཤུགས་འཕྲུལ་འཁོར་ཚད་ཡོད་ཀུང་སིས་ནུས་ཤུགས་ཡོད་རྒུས་ཕྱི་རྒྱལ་དུ་ཡོད་པའི་ཡན་ལག་ཀུང་སིས་ས་གནས་ཅན་གྱི་བཟོ་སྐྲུན་འཕེལ་རིམ་ལ་སྐུལ་འདེད་གཏོང་བཞིན་ཡོད་ལ། མ་ལེ་ཞི་ཡར་ཡན་ལག་ཀུང་སི་གཉིས་དང་མ་རྩ་མཉམ་འདྲེས་ཀྱི་ཀུང་སི་གཅིག་བཙུགས་པ་དེ་དག་གིས་མེ་འཁོར་བདག་གཅེས་ཉམས་གསོའི་ཞབས་ཞུ་དང་བཟོ་སྐྲུན་གྱི་ལས་འགན་འཁུར་གྱི་ཡོད་པ་དང་ས་གནས་དེའི་ལས་མི་80%ལྷག་ཙམ་ཡོད། གསར་འགོད་པས་ཤེས་རྟོགས་བྱས་པར། མངགས་ཉོ་བྱས་པའི་ཤུགས་འགྲེམས་མེ་འཁོར་22ནང་མེ་འཁོར་20ནི་མ་ལེ་ཞི་ཡར་ཐོན་སྐྱེད་བྱ་རྒྱུ་དང་ཤུགས་འགྲེམས་མེ་འཁོར་དེ་གཉིས་2018ལོའི་ལོ་མཇུག་ཏུ་རྩིས་སྤྲོད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།