འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་མྱུར་ཚད་མགྱོགས་སུ་དང་སྤུས་ཀ་ལེགས་སུ་འགྲོ་
    བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་18ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་བོད་ཀྱིས་འཕེལ་རྒྱས་ཐད་ཚོད་འཛིན་བཟོ་བའི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཤིང་། གྲངས་གཞི་ལས་མངོན་པར། 2016ལོར་བོད་ཀྱི་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་8.25ཟིན་པ་དང་། ཁྲོན་བོད་དང་། ཡུན་བོད། དེ་བཞིན་འགག་སྒོ་བར་ལྕགས་ལམ་བཟོ་བ་སོགས་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”དུས་འབྲིང་དུས་རིང་གི་ལྕགས་ལམ་དྲ་བའི་འཆར་གཞིའི་ནང་བཞག་པ། རྒྱལ་ཕྱི་རྒྱལ་ནང་དུ་ཤར་གཏོང་ཐུབ་པའི་མཁའ་ལམ་71ཡོད་པ་དང་གྲོང་ཁྱེར་41ལ་མཁའ་ལམ་ཤར་གཏོང་ཐུབ་ནས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་ནུས་པ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོར་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར་402.1བཏང་བ་དང་གཙོ་གནད་གཞུང་ལམ་རྣམ་གྲངས་44ལས་འགོ་ཚུགས་ཡོད། ཤང་གྲོང་དང་། སྒྲིག་གཞི་ཚང་བའི་གྲོང་ཚོ། དགོན་པ་བཅས་ལ་ལམ་ཤར་གཏོང་ཐུབ་ཚད་98%ཡན་ཟིན་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། 2016ལོར་བོད་ཀྱིས་ལྕགས་ལམ་འཛུགས་སྐྲུན་ཐད་དངུལ་སྒོར་དུང་ཕྱུར་85བཏང་བ་དང་། ཁྲོན་བོད་ལྕགས་ལམ་གྱི་ཉིང་ཁྲི་ནས་དར་རྩེ་མདོ་བར་གྱི་ལྕགས་ལམ་དང་། ལྷ་ས་ནས་མལ་གྲོ་གུང་དཀར་བར་གྱི་ལྕགས་ལམ། གཞིས་རྩེ་ནས་སྐྱིད་གྲོང་བར་གྱི་ལྕགས་ལམ། ཡུན་བོད་ལྕགས་ལམ་སྤོམ་མདའ་ནས་སེམས་ཀྱི་ཉི་ཟླ་བར་གྱི་དུམ་བུ། གཞིས་རྩེ་ནས་གྲོ་མོ་བར་གྱི་ལྕགས་ལམ་བཅས་ཀྱི་དུས་འགོའི་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ཡོད།
         དམངས་སྤྱོད་མཁའ་འགྲུལ་ཐད་བོད་དུ་ད་ཆ་ལྗོངས་ནང་ཁུལ་དུ་གནམ་ཐང་5དང་སྐྱེལ་འདྲེན་མཁའ་ལམ་ཀུང་སི་9ཡོད་ཅིང་། ན་ནིང་གནམ་གྲུ་ཐེངས་ཁྲི་3.9བཏང་བ་དང་ལོ་ཧྲིལ་པོར་འགྲུལ་པ་མི་ཐེངས་ཁྲི་405དང་དངོས་ཟོག་ཏུན་ཁྲི་3དབོར་འདྲེན་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།