འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་རྒྱུས་མཚོན་པའི་སྙན་ངག་ཟློས་གར་ཆེ་གྲས་《རྒྱ་བཟའ་ཀོང་ཇོ་》ཟླ་4ཚེས་20
    ཉིན་སྟོན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་18ཉིན། 14:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་17ཉིན། ཉེ་ཆར་བོད་ལྗོངས་སུ་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། བོད་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་རའང་ཉིན་རེ་བཞིན་ཇེ་རྒྱས་སུ་འགྲོ་བཞིན་ཡོད་པ་རེད། འཛམ་གླིང་དུ་བོད་ཁུལ་གྱི་མཁའ་དབྱིངས་སུ་ངོ་མཚར་ཆེ་ཤོས་ཀྱི་དངོས་ལྗོངས་ཐོག་མར་གྲགས་པའི་ཟློས་གར་《རྒྱ་བཟའ་ཀོང་ཇོ་》ཟླ་4ཚེས་20ཉིན་སྟོན་རྒྱུ་ཡིན་པ་རེད། སྐབས་དེར་ཡུལ་སྐོར་བར་བོད་ཀྱི་རིག་གནས་ཉམས་སུ་ལེན་དུ་བཅུག་རྒྱུ་ཡིན་པ་རེད།
         གསར་འགོད་པས་བོད་ལྗོངས་འབྲེལ་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་དངོས་ལྗོངས་ཟློས་གར་《རྒྱ་བཟའ་ཀོང་ཇོ་》ནི་སྔ་ལོའི་རྨང་གཞིའི་ཐོག  གློག་འོད་ཀྱི་ནུས་པ་ཇེ་ཆེར་བཏང་ཡོད་པ་དང། ཟློས་གར་གྱི་སྒེག་ཉམས་སོགས་ལེགས་བཅོས་བྱས་ཡོད་པ་རེད། དངོས་ལྗོངས་ཟློས་གར་དུ་ཐང་རྒྱལ་རབས་ཀྱི་ཟློས་གར་དང་བོད་ཀྱི་ཟློས་གར། བོད་ཀྱི་ཨ་ཅེ་ལྷ་མོ། ཞལ་འདོན་དང་དུང་འབུད་སོགས་ཀྱི་རིག་རྩལ་རྣམ་པ་ཕྱོགས་བསྡུས་ཀྱིས་སྤྱད་ཡོད་པ་དང་། ལྷ་སའི་རང་བྱུང་གི་རི་ཆུའི་མཛེས་ལྗོངས་ལ་བརྟེན་ནས། ཟློས་གར་དང་རོལ་དབྱངས། ཞབས་བྲོ། དེང་རབས་ཀྱི་ཞབས་བྲོའི་གཞི་རྒྱུ་བཅས་གཞི་གཅིག་ཏུ་བསྒྱུར་ཏེ། རྒྱ་བཟའ་ཀོང་ཇོ་ལེ་བར་ཁྲི་ཕྲག་བརྒལ་ནས་བོད་དུ་ཕེབས་པའི་གོ་རིམ་བསྟན་ཡོད་པ་རེད། 
         དངོས་ལྗོངས་ཟློས་གར་《རྒྱ་བཟའ་ཀོང་ཇོ་》ལ་ཁྱོན་བསྡོམས་ལེའུ་ལྔ་ཡོད་པ་དང་། འཁྲབ་ཡུན་སྐར་མ་90ཡིན་པ། ཟློས་གར་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་། བོད་རིགས་མི་དམངས་ཀྱིས་རྒྱ་བཟའ་ཀོང་ཇོ་དང་སྲོང་བཙན་སྒམ་པོ་རྣམ་གཉིས་ཀྱི་གཏམ་རྒྱུད་སྙན་མོ་ཕྱིར་དྲན་བྱེད་ཐུབ་པ་དང་། 
         ངོ་སྤྲོད་བྱས་པར་གཞིགས་ན། དངོས་ལྗོངས་ཟློས་གར་《རྒྱ་བཟའ་ཀོང་ཇོ་》ནི་2013ལོའི་ཟླ་8པར་ལྷ་སར་དངོས་སུ་འཁྲབ་སྟོན་ཐེངས་དང་པོ་བྱེད་འགོ་བརྩམས་པ་ནས་ད་བར་དུ། འཁྲབ་སྟོན་དུས་མཚམས་4ལེགས་གྲུབ་ཟིན་པ་དང་།  ཁྱོན་བསྡོམས་འཁྲབ་ཐེངས་622རེ་བྱས་ཡོད་ཅིང་། རྒྱལ་ཕྱི་ནང་གི་ཡུལ་སྐོར་བ་ཁྲི་100ལྷག་ཙམ་སྣེ་ལེན་ཞུས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།