འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།"འཛིན་བཟུང་བཀའ་རྒྱ་དམར་པོ་འགྲེམས་པའི་མི་བརྒྱ"ཡི་ཁྲོད་ཀྱི་ལི་ཧྲི་ཆའོ་རྒྱལ་ནང་
    དུ་ལོག་ནས་རང་ཉེས་རང་ཞུ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་18ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་17ཉིན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལྟ་ཞིབ་པུའུ་ཡི་དྲ་ཚིགས་ནས་སྤེལ་བའི་ཆ་འཕྲིན་ལ་གཞིགས་ན། ཀྲུང་དབྱང་རུལ་སུངས་ངོ་རྒོལ་མཐུན་སྦྱོར་ཚོགས་ཆུང་རྒྱལ་སྤྱིའི་བྲོས་བྱོལ་རྗེས་སྙེག་དང་བརྐུས་དངུལ་ཚུར་ལེན་ལས་དོན་གཞུང་ལས་ཁང་གིས་གཅིག་གྱུར་འཆར་འགོད་ཀྱིས་མཐུན་སྦྱོར་བྱས་པའི་འོག ཀྲེ་ཅང་ཞིང་ཆེན་དང་ཉིང་པོ་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་ཁུངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། "འཛིན་བཟུང་བཀའ་རྒྱ་དམར་པོ་འགྲེམས་པའི་མི་བརྒྱ"ཡི་ཁྲོད་ཀྱི་ཨང་75པ་ལི་ཧྲི་ཆའོ་ཁ་ན་ཏ་ནས་རྒྱལ་ནང་དུ་ལོག་པར་བསྐུལ་ནས་ཕྱིར་ལོག་རང་ཉེས་རང་ཞུ་བྱས་པ་རེད། འདི་ནི་2015ལོའི་ཟླ་4པའི་བར་གཅིག་བསྡུས་ཀྱིས་གསལ་རྗེན་དུ་བཏོན་པའི"འཛིན་བཟུང་བཀའ་རྒྱ་དམར་པོ་འགྲེམས་པའི་མི་བརྒྱ"ཡི་ཁྲོད་ཁྲིམས་སར་འབྱོར་བའི་ཕྱི་རྒྱལ་དུ་བྲོས་བྱོལ་སོང་བའི་མི་སྣ་ཨང་40པ་རེད།
         ལི་ཧྲི་མིང་། སྐྱེས་པ། 1942ལོའི་ཟླ་6ཚེས་28ཉིན་སྐྱེས། ཉིང་པོ་རྒྱང་ལྟ་ལག་རྩལ་བཟོ་ཚོང་ཀུང་སིའི་སྤྱི་གཉེར་གཞོན་པ་དང་ཉིང་པོ་ཧྭ་ཡོན་ས་ཁང་བདག་ཁོངས་ཚད་ཡོད་ཀུང་སིའི་སྤྱི་གཉེར་ཟུར་པ་ཡིན་ཞིང་། གཞུང་རྒྱུ་ཧམ་ཟོས་བྱས་པའི་ནག་ཉེས་བསགས་པའི་དོགས་པ་ཡོད་པས་གྱོད་དོན་ཐོ་འགོད་ཀྱིས་མྱུལ་ཞིབ་བྱས་པ་རེད། 2009ལོའི་ཟླ་4པར་ཁ་ན་ཏ་རུ་བྲོས་བྱོལ་བྱས་ཤིང་། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་འཛིན་བཟུང་བཀའ་རྒྱ་དམར་པོའི་ཨང་གྲངས་A-3059/9-2009རེད།
      

    ཕྱོགས་བསྡུས་གསར་འགྱུར།