འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་འདི་ལོ་གོ་ལ་ཧྲིལ་པོའི་ཉོ་ཚོང་2.4%འཕར་
    རྒྱུའི་སྔོན་དཔག་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་18ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་12ཉིན་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྔོན་དཔག་ལྟར་ན་2017ལོར་གོ་ལ་ཧྲིལ་པོའི་ཉོ་ཚོང་2.4%འཕར་རེ་ཡོད་པ་རེད།
    འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཨ་ཙེ་ཝེ་ཏུའོ་ཡིས་སྤྱི་བསྒྲགས་ནང་། ཉེ་བའི་ལོ་ཤས་རིང་རྒྱལ་སྤྱིའི་ཉོ་ཚོང་འཕར་ཚད་དལ་བ་ནི་འཛམ་གླིང་དཔལ་འབྱོར་རྒྱུན་མཐུད་ངང་ཞན་དུ་ཕྱིན་པའི་མཚོན་རྟགས་ཤིག་ཡིན། གལ་སྲིད་ཚོང་ཟོག་འཁོར་རྒྱུག་དང་ས་ཁོངས་བརྒལ་བའི་ཞབས་ཞུ་བདེ་བགྲོད་རྒྱུན་འཁྱོངས་བྱུང་ཚེ་ཉོ་ཚོང་གིས་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཐུབ་མོད། གལ་སྲིད་སྲིད་ཇུས་བཟོ་མཁན་གྱིས་རང་རྒྱལ་ཁབ་ཀྱི་ལས་ཞུགས་ལ་འགན་ལེན་བྱ་ཕྱིར་ནང་འདྲེན་ལ་ཚོད་འཛིན་བྱ་ཐབས་ནན་པོ་སྤྱད་ན་ཉོ་ཚོང་གིས་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་མི་ཐུབ་པ་མ་ཟད། ད་དུང་དཔལ་འབྱོར་སླར་གསོ་ཡོང་རྒྱུར་བཀག་འགོག་བཟོ་སྲིད་ཅེས་གསུངས་པ་རེད།
         ཨ་ཙེ་ཝེ་ཏུའོ་ཡིས་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་སློབ་གསོ་དང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཚོང་དོན་གྱི་ལེགས་ཆ་འདོན་སྤེལ་བྱས་ནས་ལས་ཞུགས་གོ་སྐབས་དེ་བས་མང་བ་གཏོད་རྒྱུའི་འབོད་སྐུལ་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།