འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཐུར་ཁེ་རྒྱལ་ཁབ་ཀྱི་ཙུང་ཐུང་གིས་ཐུར་ཁེའི་རྩ་ཁྲིམས་བཟོ་བཅོས་འཆར་འགོད་ལ་དམངས་
    ཡོངས་ཀྱི་འདེམས་ཤོག་འཕངས་པའི་ནང་གྲོས་འཆམ་བྱུང་བ་རེད་ཅེས་བསྒྲགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་17ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཐུར་ཁེ་རྒྱལ་ཁབ་ཀྱི་ཙུང་ཐུང་གིས་ཐུར་ཁེའི་རྩ་ཁྲིམས་བཟོ་བཅོས་འཆར་འགོད་ལ་དམངས་
ཡོངས་ཀྱི་འདེམས་ཤོག་འཕངས་པའི་ནང་གྲོས་འཆམ་བྱུང་བ་རེད་ཅེས་བསྒྲགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་16ཉིན་གྱི་དགོང་མོར། ཐུར་ཁེ་རྒྱལ་ཁབ་ཀྱི་ཙུང་ཐུང་ཨར་ཏའོ་ཨན་གྱིས་སྲིད་འཛིན་ཏང་གིས་དྲང་བདེན་དང་འཕེལ་རྒྱས་ཏང་དང་རྩ་ཁྲིམས་བཟོ་བཅོས་འཆར་འགོད་ལ་རྒྱབ་སྐྱོར་གནང་མཁན་བཅས་ཀྱིས་ཉིན་དེར་སྤེལ་བའི་དམངས་ཡོངས་ཀྱིས་འདེམས་ཤོག་འཕེན་པ་གྲོས་འཆམ་བྱུང་ཞིང་། ཁོང་གིས་སྲོག་ཆད་གཅོད་པའི་ཁྲིམས་དེ་སླར་གསོ་བྱེད་འགན་དང་པོར་བརྩིས་ཡོད་ཅེས་བསྒྲགས་པ་རེད།
         ཨར་ཏའོ་ཨན་གྱིས་དབྱི་སི་ཐན་པུར་སྡེས་སྨྱན་སྦྱོར་ལས་ཁུངས་ལ་རྩ་ཁྲིམས་བཟོ་བཅོས་རྒྱག་པར་རྒྱབ་སྐྱོར་བྱེད་མཁན་དཔུང་སྡེར་འདེམས་ཤོག་ཁྲི་2500ཐོབ་ཡོད་ཅིང་། རྩ་ཁྲིམས་བཟོ་བཅོས་ལ་ངོ་རྒོལ་བྱེད་ཕྱོགས་ལས་ཀྱང་འདེམས་ཤོག་ཁྲི་130ཡི་མང་འདུག་ཅེས་བརྗོད་པ་རེད། ཁོང་གིས་ཐུར་ཁེ་རྒྱལ་ཁབ་ནས་ཉིན་འདིར་སྒྲིག་སྲོལ་བཅོས་སྐྱོང་ལ་"ལོ་རྒྱུས་རང་བཞིན་གྱི་གཏན་འཁེལ་"ཞིག་བྱས་ཡོད་ལ། ཐུར་ཁེ་རྒྱལ་ཁབ་འདི་རང་ཉིད་ཀྱི་མནའ་མཐུན་རྒྱལ་ཁབ་ཡིན་པར་འདོད་མཁན་ཚོས་"གཏན་འབེབས་འདི་ཉིད་ལ་བརྩི་བཀུར་བྱེད་དགོས་"ཞེས་བསྟན་པ་རེད། ཨར་ཏའོ་ཨན་གྱིས་དེའི་རྗེས་ཀྱི་རྒྱབ་སྐྱོར་པར་གཏམ་བཤད་གནང་དུས། རྩ་ཁྲིམས་བཟོ་བཅོས་འཆར་འགོད་ལ་གྲོས་འཆམ་བྱུང་རྗེས། ཁོ་རང་གིས་འགན་འཁྲི་དང་པོ་ནི་སྲོག་ཆད་གཅོད་རྒྱུ་སླར་གསོ་བྱེད་པའི་གནད་དོན་ཡིན་ལ། གནད་དོན་འདིའི་ཐད་ད་དུང་དམངས་ཡོངས་འདེམས་ཤོག་འཕེན་དགོས་པ་རེད་ཅེས་བརྗོད་པ་རེད།
         ཐེངས་འདིའི་དམངས་ཡོངས་ཀྱིས་འདེམས་ཤོག་འཕེན་པ་དང་རྩ་ཁྲིམས་ཨང་18པ་བཟོ་བཅོས་རྒྱག་པའི་དོན་ཚན་གྱི་ནང་། རྩེད་གླེང་ཆེས་ཆེ་བའི་དོན་ཚན་ནི་ཐུར་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་དབང་འཛུགས་ལུགས་དེ་དབྱེ་ཧུའེ་གྲོས་ཚོགས་ལམ་ལུགས་ནས་ཙུང་ཐུང་ལམ་ལུགས་སུ་བསྒྱུར་པ་འདི་ཡིན་ལ། རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་ན་ཙུང་ཐུང་ལ་དབང་ཆ་དངོས་མང་པོ་ལྡན་པ་རེད།
         རྩ་ཁྲིམས་བཟོ་བཅོས་འཆར་འགོད་ལ་གྲོས་འཆམ་བྱུང་བ་བསྒྲགས་རྗེས། ཐུར་ཁེ་རྒྱལ་ཁབ་ཀྱིས་2019ལོ་ནས་བཟུང་། ཙུང་ཐུང་འདེམས་བསྐོ་དང་གྲོས་ཚོགས་ཀྱི་འདེམས་བསྐོའི་རྗེས་ནས་ཙུང་ཐུང་ལམ་ལུགས་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན་ཞིང་། 1923ལོར་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་ནས་བཟུང་ལག་ལེན་བསྟར་བའི་དབྱི་ཧུའེ་གྲོས་ཚོགས་ལམ་ལུགས་མཇུག་བསྒྲིལ་བ་རེད།
         ན་ནིང་ཟླ་7པའི་ཟླ་དཀྱིལ་དུ་ཐུར་ཁེར་གློ་བུར་དམག་དོན་གྱི་སྲིད་འགྱུར་ལངས་རུང་མ་འགྲུབ་པའི་རྗེས། ཨར་ཏའོ་ཨན་སོགས་ཀྱིས་སྲོག་ཆད་སླར་གསོ་དགོས་རེ་བཏོན་པ་དང་། ཡོ་རོབ་མནའ་མཐུན་གྱིས་ཐུར་ཁེ་མནའ་མཐུན་དུ་ཞུགས་ན་སྲོག་ཆད་སླར་གསོ་བྱེད་པ་ནི་མི་འོས་པའི་“མཚམས་ཐིག་དམར་པོ་”རུ་འདོད་པ་རེད།
    ༄༅།།ཐུར་ཁེ་རྒྱལ་ཁབ་ཀྱི་ཙུང་ཐུང་གིས་ཐུར་ཁེའི་རྩ་ཁྲིམས་བཟོ་བཅོས་འཆར་འགོད་ལ་དམངས་
ཡོངས་ཀྱི་འདེམས་ཤོག་འཕངས་པའི་ནང་གྲོས་འཆམ་བྱུང་བ་རེད་ཅེས་བསྒྲགས་པ།
    ༄༅།།ཐུར་ཁེ་རྒྱལ་ཁབ་ཀྱི་ཙུང་ཐུང་གིས་ཐུར་ཁེའི་རྩ་ཁྲིམས་བཟོ་བཅོས་འཆར་འགོད་ལ་དམངས་
ཡོངས་ཀྱི་འདེམས་ཤོག་འཕངས་པའི་ནང་གྲོས་འཆམ་བྱུང་བ་རེད་ཅེས་བསྒྲགས་པ།
      

    ཕྱོགས་བསྡུས་གསར་འགྱུར།