འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་གཞི་རིམ་བོད་ལུགས་གསོ་རིག་གི་ཞབས་ཞུ་ཁྱབ་ཚད་མཐོ་རུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་17ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་16ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་སུ་བོད་ལུགས་གསོ་རིག་གི་ཞབས་ཞུ་ཁྱབ་ཚད་མཐོ་རུ་ཆེན་པོ་ཕྱིན་ཡོད་ཅིང་། 2016ལོའི་ལོ་མཇུག་བར་དུ་བོད་ལྗོངས་ཀྱི་རྫོང་རིམ་པའི་བོད་སྨན་ཁང་2012ལོའི་20ནས་42སུ་འཕར་བ་དང་། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་གྲོང་སྡེའི་འཕྲོད་བསྟེན་ཁང་གི་བོད་ལུགས་གསོ་རིག་སྨན་ཁང་ཞབས་ཞུ་ཁྱབ་ཚད་སོ་སོ་2012ལོའི་71%དང་15%ནས་89%དང30%རུ་མཐོ་རུ་ཕྱིན་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། "ལོ་ལྔ་ཚན་བཅུ་གཉིས་པའི"དུས་སྐབས་སུ་ཀྲུང་དབྱང་གིས་བོད་ལྗོངས་ལ་མ་དངུལ་སྒོར་དུང་ཕྱུར་2.1བཏང་ནས་རྫོང་རིམ་པའི་བོད་སྨན་ཁང་22གསར་དུ་བསྐྲུན་པ་དང་། ཀྲུང་དབྱང་གིས་མ་དངུལ་སྤོ་སྒྱུར་གཏོང་སྤྲོད་གནང་བར་བརྟེན་ནས་སྒོར་ཁྲི་2060བཀོད་སྒྲིག་བྱས་ཏེ་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་བོད་སྨན་ཁང་206བསྐྲུན་པས། གཞི་རིམ་གྱི་བོད་ལུགས་གསོ་རིག་སྨན་ཁང་གི་ཞབས་ཞུའི་ཆ་རྐྱེན་དང་སྨན་པ་བསྟེན་པའི་ཁོར་ཡུག་ལེགས་བཅོས་མངོན་གསལ་ཕྱིན་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ལྷན་གྱི་བོད་ལུགས་གསོ་རིག་དོ་དམ་ཅུས་ཀྱི་བརྟག་དཔྱད་ཞིབ་འཇུག་པ་བདེ་སྐྱིད་ཀྱིས་2020ལོར་སླེབས་དུས་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལས་ཁུངས་100%ལ་བོད་ལུགས་གསོ་རིག་སྨན་ཁང་གིས་ཞབས་ཞུ་བྱེད་ནུས་ལྡན་པ་དང་།  གྲོང་སྡེའི་འཕྲོད་བསྟེན་ཁང་100%ཡིས་བོད་ལུགས་གསོ་རིག་སྨན་ཁང་ངམ་ཡང་ན་བོད་ལུགས་དང་ཀྲུང་ལུགས་ཟུང་འབྲེལ་གྱི་སྨན་བཅོས་ཞབས་ཞུ་བྱེད་ཐུབ་པ།  ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་80%ཡན་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ལྟེ་གནས་100%རུ་བོད་སྨན་ཁང་སོགས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ཁུལ་ཡོད་པ་བཅས་བྱ་རྒྱུ་དང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་བོད་ལུགས་ནད་བརྟག་སྨན་བཅོས་བྱས་ཚད་བསྡོམས་འབོར་གྱི་བསྡུར་ཚད་35%ཡན་ཟིན་པར་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།