འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ནན་ཉིང་གི་འགག་སྒོས་ལྐོག་འདྲེན་རླངས་འཁོར་1900ལྷག་ཙམ་ཞིབ་རྩད་ཆོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་17ཉིན། 15:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་13ཉིན་གྱི་སྔ་དྲོར། འགག་སྒོ་སྤྱི་ཁྱབ་ཁང་གི་གཅིག་གྱུར་བཀོད་འདོམས་འོག ནན་ཉིང་གི་འགག་སྒོས་ཀོང་ཀྲོའུ་དང་། ཀྲང་ཅང་། ཧོང་ཕུའུ། ཧྲི་ཅ་ཀྲོང་བཅས་ཀྱི་འགག་སྒོ་ཁག་དང་མཉམ་འབྲེལ་བྱས་ནས་ལྐོག་འདྲེན་རླངས་འཁོར་ལ་མཉམ་འབྲེལ་རྡུང་རྡེག་བཏང་ཞིང་། ནན་ཉིང་གི་འགག་སྒོས་ཉེན་རྟོག་པ་312བཏང་ནས། ཀོང་ཞི་རུ་འཛིན་པའི་བྱེད་སྒོ་སྤེལ་ཞིང་། ལྐོག་འདྲེན་རླངས་འཁོར་ལྐོག་འདྲེན་འགན་ལེན་ཚོགས་པ་6གཏོར་བ་དང་། དོགས་ཡོད་ཉེས་ཅན་པ་38བཟུང་ཞིང་། འཁོར་རྟགས་རྫུན་མ་106དང་། ལབ་པར་23  ཉེས་འབྲེལ་རླངས་འཁོར་1900ལྷག་ཙམ། གྱོད་འབྲེལ་དངུལ་འབོར་ཕལ་ཆེར་སྒོར་དུང་ཕྱུར་19བཅས་ཞིབ་རྩད་ཆོད་ཡོད་པ་རེད། གྱོད་དོན་འདི་ནི་ནན་ཉིང་འགག་སྒོས་ལྐོག་འདྲེན་འཛིན་བཟུང་ཅུས་བཙུགས་པ་ནས་བཟུང་རླངས་འཁོར་ལྐོག་འདྲེན་གྱི་གྱོད་དོན་རྩད་ཆོད་པ་མང་ཤོས་དེ་ཡིན་པ་རེད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། 2012ལོ་ནས་ད་བར་དུ། གོང་གི་ལྐོག་འདྲེན་རླངས་འཁོར་ཚོགས་པ་6གིས་ཚོང་ཟོག་འགན་ལེན་གྱི་ཐབས་ལམ་ཐོག་གིས་ཡུའེ་ནན་ནས་རླངས་འཁོར་1900ལྷག་ཙམ་ལྐོག་འདྲེན་བྱས་ཡོད་པ་དང་། གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར་19ཟིན་པ་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།