འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རང་བྱུང་ནགས་ཚལ་སྲུང་སྐྱོང་ལས་གྲྭ་ལག་ལེན་བསྟར་ནས་ལོ་19ཡི་ནང་རྒྱ་ཁྱོན་མུའུ་
    ཁྲི་3225འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་13ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་6ཉིན། 1998ལོ་ནས་བཟུང་རང་རྒྱལ་གྱིས་རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་ལས་གྲྭ་ཚོད་ལྟ་བྱས་ཚུན། རང་རྒྱལ་གྱི་རང་བྱུང་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་3225དང་གསོག་འཇོག་བྱས་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་8.94འཕར་ཡོད། གོམ་སྟབས་རྗེས་མར་རང་རྒྱལ་གྱིས་རྒྱལ་ཡོངས་ཀྱི་རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་ཁྱབ་ཁོངས་ནང་བཅུག་པ་དང་དུས་མཚུངས་རང་བྱུང་ནགས་ཚལ་གྱི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་དེ་ནགས་ཚལ་སྤུས་ཚད་མཐོ་རུ་གཏོང་བའི་འགག་རྩར་བརྩིས་ཏེ་2030ལོར་སླེབས་སྐབས་སྤྱི་ཆིང་རེ་ནས་རང་བྱུང་ནགས་ཚལ་གསོག་ཚད་30%ཡན་མཐོ་རུ་གཏོང་རྒྱུའི་འགན་ལེན་བྱ་རྒྱུ་རེད།
         རྒྱལ་ཁབ་ནགས་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཧྲུའུ་མིང་གིས་སྨྱན་སྦྱོར་བརྡ་གཏོང་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་དོན། མིག་སྔར་རང་རྒྱལ་ལ་སྡོང་རིང་ནགས་ཚལ་མུའུ་དུང་ཕྱུར་19.44ཡོད་པ་དང་། རང་བྱུང་སྡོང་ཐུང་ནགས་ཚལ་དང་། ནགས་ཚལ་མི་ཆགས་པར་རི་རྒྱ་བསྡམས་ནས་ནགས་ཚལ་གསོ་ཁུལ། རྩི་ཤིང་ཐ་ཐོར་ལས་མེད་པའི་ས་ཆ་བཅས་མུའུ་དུང་ཕྱུར་10.22ཡོད་པ་དང་ཁྱོན་བསྡོམས་སྲུང་སྐྱོང་བྱེད་དགོས་པའི་རང་བྱུང་ནགས་ཚལ་མུའུ་དུང་ཕྱུར་29.66ཡོད་པ་དང་རྒྱལ་ཡོངས་ནགས་སའི་རྒྱ་ཁྱོན་གྱི་63.6%བཟུང་ཡོད། མིག་སྔར་རང་རྒྱལ་གྱིས་རྒྱལ་ཁབ་ལ་དབང་བའི་ནགས་རའི་རང་བྱུང་ནགས་ཚལ་ཚོང་ལས་རང་བཞིན་གྱི་གཅོད་འབྲེག་བྱ་རྒྱུ་ཁྱོན་ཡོངས་ནས་བཀག་འགོག་བྱས་པ་དང་། ཧྥུའུ་ཅན་དང་ཀོང་ཤིས་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་6ལ་མཉམ་སྡེབ་ནགས་ཁུལ་གྱི་རང་བྱུང་ནགས་ཚལ་གཅོད་འབྲེག་བཀག་འགོག་ཚོད་ལྟ་བྱས་པ་རེད།
         རང་རྒྱལ་གྱི་རང་བྱུང་ནགས་ཚལ་གསོག་ཚད་ཀྱིས་ནགས་ཚལ་གསོག་ཚད་ཀྱི་83%བཟུང་བ་དང་། རང་བྱུང་ནགས་ཚལ་ལ་སྲུང་སྐྱོང་བྱས་པ་དེས་ནགས་ཚལ་གསོག་ཚད་འཕར་སྣོན་དང་ནགས་ཚལ་གྱི་སྤུས་ཚད་མཐོ་རུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ལི་ཧྲུའུ་མིང་གིས་གོམ་སྟབས་རྗེས་མར་ནགས་ཚལ་ཞན་འགྱུར་སླར་གསོར་སྐུལ་འདེད་ཧུར་ཐག་དང་ཁྱོན་ཡོངས་ནས་ནགས་བཟོའི་སྤུས་ཚད་མཐོ་རུ་བཏང་སྟེ། ནགས་ཚལ་གསོ་སྐྱོང་དང་གཉེར་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་2030ལོར་སླེབས་སྐབས་རང་བྱུང་ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་40འཕར་སྣོན་ཡོང་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།