འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་མི་རིགས་ལག་ཤེས་བཟོ་ལས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་13ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མི་རིགས་ལག་ཤེས་བཟོ་ལས་ནི་བོད་ལྗོངས་ཀྱི་སྲོལ་རྒྱུན་ཐོན་ལས་ཀྱི་ཡ་གྱལ་ཞིག་ཡིན་པ་དང་། བོད་མི་རིགས་ཀྱི་འབྱུང་ཡུལ་དང་བོད་ཀྱི་རིག་གནས་ཀྱི་འབྱུང་ཡུལ་ཡིན་པའི་ལྷོ་ཁར་མི་རིགས་ལག་ཤེས་བཟོ་ལས་ལ་ལོ་རྒྱུས་ཡུན་རིང་མཆིས་པ་རེད།
          ཉེ་བའི་ལོ་ཤས་རིང་ལ། ལྷོ་ཁ་གྲོང་ཁྱེར་ཨུ་ལྷན་དང་གྲོང་ཁྱེར་སྲིད་གཞུང་གི་སྣེ་ཁྲིད་དང་རོགས་རམ་འོག མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས་ཀྱི་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་ཕྱིན་ནས་ས་གནས་དེ་གའི་ཞིང་འབྲོག་མི་དམངས་ཀྱིས་ཡོང་འབབ་འཕར་སྣོན་གཏོང་བའི་ཐབས་ལམ་གསར་པ་ཞིག་ཏུ་གྱུར་པ་རེད། 
         2008ལོའི་ཟླ་5པར་གསར་དུ་བཙུགས་པའི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་མི་རིགས་ཐེར་མ་ལག་ཤེས་བཟོ་ལས་འཁལ་འཐག་ཆེད་ལས་མཉམ་ལས་ཁང་དེས་གཙོ་བོར་རྩེད་ཐེར་ལས་བཟོས་པའི་ཚོན་མདོག་སྣ་ལྔ་ལྡན་པའི་ཁ་དཀྲིས་དང་། སྒྱུ་རྩལ་ཁུག་མ། འབག་དཀར་པོ་སོགས་ཐོན་རྫས་སྣ་ཁ་10ལྷག་ཐོན་སྐྱེད་འཚོང་གཉེར་བྱེད་ཀྱི་ཡོད་པ་རེད།
          ཁྱད་པར་དུ་ཉེ་བའི་ལོ་ཤས་རིང་ལ། ལྷོ་ཁ་གྲོང་ཁྱེར་གྱིས་ལས་ཞུགས་དང་ས་གནས་དེ་གའི་མང་ཚོགས་ཡོང་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་སྤེལ་གཏོང་བར་རྐང་པ་བཙུགས་ནས“ཀུང་སི་རྟེན་གཞི་ཞིང་དུད་གསུམ་མཉམ་འབྲེལ”གྱི་གཉེར་སྐྱོང་བྱ་ཐབས་ལག་བསྟར་བྱས་པས། མི་རིགས་ལག་ཤེས་བཟོ་ལས་ནི་ལྷོ་ཁ་གྲོང་ཁྱེར་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཞོར་ལས་གཙོ་བོ་ཞིག་ཏུ་གྱུར་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།