འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་མེས་རྒྱལ་དུ་ཕྱིར་ལོག་བྱེད་པའི་
    ཚ་རླབས་ཤིག་འཕྱུར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་13ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་11ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཚེས་11ཉིན་ཚོགས་པའི་2017ལོའི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་མེས་རྒྱལ་དུ་ཕྱིར་ལོག་ཞབས་ཞུའི་ལས་དོན་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོའི་ལོ་མཇུག་བར་རང་རྒྱལ་གྱི་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་མེས་རྒྱལ་དུ་ཕྱིར་ལོག་མཁན་ཁྱོན་ཁྲི་365.11ཟིན་པ་དེའི་ནང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱིས་70%བཟུང་ཡོད། “མི་སྟོང་གི་འཆར་གཞི”ལག་བསྟར་བྱས་ནས་ཕྱི་རྒྱལ་ནས་མཐོ་རིམ་ཤེས་ལྡན་པ་མི་ཐེངས་6000ལྷག་ཙམ་ནང་འདྲེན་བྱས་པ་དང་ས་ཁུལ་ཁག་གིས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་རིམ་པ་མཐོ་གྲས་ཀྱི་ཤེས་ལྡན་པ་མི་ཐེངས་ཁྲི་5.39ནང་འདྲེན་བྱས་ཡོད། ཕྱི་རྒྱལ་དུ་སློབ་སྦྱོང་ལེགས་སྒྲུབ་བྱས་རྗེས་རང་རྒྱལ་དུ་ཕྱིར་ལོག་ནས་འཕེལ་རྒྱས་གཏོང་རྒྱུའི་གདམ་ག་བྱེད་མཁན་གྱི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་གྱི་བསྡུར་གྲངས་དེ་2012ལོའི་72.38%ནས་2016ལོའི་82.23%བར་འཕར་བ། ཞིང་ཆེན་དང་པུའུ་ཡིས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་གྱི་ལས་གཏོད་གླིང་49མཉམ་དུ་བཏོད་པ་དང་། རྒྱལ་ཡོངས་སུ་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་གྱི་ལས་གཏོད་གླིང་347དང་། གླིང་ཁུལ་དུ་ཞུགས་ནས་ལས་གཏོད་བྱེད་མཁན་ཁེ་ལས་ཁྲི་2.7ལྷག་ཙམ། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་ཁྲི་7.9ཡིས་གླིང་ཁུལ་དུ་ལས་གཏོད་བྱས་པས། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་ཤེས་ལྡན་པ་མེས་རྒྱལ་དུ་ཕྱིར་ལོག་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་དང་། རང་རྒྱལ་གྱིས་ཕྱི་རྒྱལ་གྱི་ཤེས་ལྡན་པའི་ཡིད་དབང་འགུགས་ནུས་ལས“ཤེས་ལྡན་པའི་རྡོ་ཁབ་ལེན”ལྟ་བུའི་ཕན་འབྲས་ཆེན་པོ་མངོན་ཡོད་པ་རེད།
         དུས་ཡུན་རིང་པོའི་ནང་། གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་དཀའ་བ་དང་། གཞིས་ཆགས་ནས་སློབ་ཞུགས་འགྲོ་ལུགས་གཉེར་དཀའ་བ། དངུལ་བཅོལ་ཐོ་ཁུངས་བཙུགས་ནས་མ་རྩ་མཉམ་འདྲེས་བྱེད་དཀའ་བ། ཤེས་བྱའི་བདག་དབང་བཀོལ་སྤྱོད་བྱེད་དཀའ་བ། སྲིད་ཇུས་ཀྱི་ཚོད་འཛིན་ལྷུག་ཏུ་གཏོང་དཀའ་བ། རིག་གནས་ཀྱི་འདུ་ཤེས་མཉམ་འདྲེས་བྱེད་དཀའ་བ་བཅས་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་མེས་རྒྱལ་དུ་ཕྱིར་ལོག་སྟེ་གསར་གཏོད་ལས་གཏོད་ཐད་འཕྲད་པའི“དཀའ་བ་དྲུག”གི་གནད་དོན་ཞིག་ལ་གྱུར་ཡོད། དེར་བརྟེན། 2017ལོའི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་མེས་རྒྱལ་དུ་ཕྱིར་ལོག་ཞབས་ཞུའི་ལས་དོན་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུའི་ཐོག་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་མེས་རྒྱལ་དུ་ཕྱིར་ལོག་སྟེ་གསར་གཏོད་ལས་གཏོད་ཐད་ཀྱི“དཀའ་བ་དྲུག”གི་གནད་དོན་སེལ་རྒྱུའི་ཐད་གཙོ་གནད་དུ་ཞིབ་འཇུག་བྱས་པ་རེད། མི་སྤྱི་པུའི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། 2017ལོར་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་མེས་རྒྱལ་དུ་ཕྱིར་ལོག་ཞབས་ཞུའི་ལས་དོན་ཐད་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་མེས་རྒྱལ་དུ་ཕྱིར་ལོག་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས“དཀའ་བ་དྲུག”གི་གནད་དོན་གཙོ་གནད་དུ་སེལ་རྒྱུ་ཡིན་པ་རེད། སྲིད་ཇུས་དང་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ་སྔར་བས་ཧུར་བརྩོན་དང་། སྔར་བས་སྒོ་འབྱེད། སྔར་བས་ནུས་ལྡན་བཅས་ཀྱི་ཤེས་ལྡན་པ་ནང་འདྲེན་གྱི་ལམ་ལུགས་མ་ལག་འཛུགས་པ་དང་། ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་མེས་རྒྱལ་དུ་ལོག་མཁན“ཡུན་རིང་བཅའ་སྡོད་བྱེད་དཀའ་བ་དང་། གཞིས་ཆགས་དཀའ་བ། བུ་ཕྲུག་སློབ་གྲྭར་གཏོང་དཀའ་བ། དངུལ་བཅོལ་ཐོ་ཁུངས་བཙུགས་ནས་མ་རྩ་མཉམ་འདྲེས་བྱེད་དཀའ་བ། གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་དཀའ་བ”བཅས་ཀྱི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱས་ནས་རྒྱལ་ཁོངས་ཕྱིའི་མི་སྣར་མ་རྐང་ངེས་ཅན་ལྡན་པ་དང་ཕྱིར་གཏོང་བབ་ཐོབ་སོགས་ཀྱི་ཚོད་འཛིན་ལྷུག་ཏུ་གཏོང་དགོས་པ་དང་། སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞབས་ཞུའི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། ཞབས་ཞུ་བྱེད་སྟངས་གསར་གཏོད་བྱེད་པ། ཞབས་ཞུའི་བརྒྱུད་རིམ་སྟབས་བདེར་གཏོང་བ་བཅས་ཀྱི་ཁར། “ཤེས་བྱའི་བདག་དབང་བཀོལ་སྤྱོད་དང་ཚོང་རྟགས་ཐོ་འགོད་དཀའ་བའི”གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱས་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་མེས་རྒྱལ་དུ་ཕྱིར་ལོག་མཁན་ལ་ལས་གཏོད་གསར་གཏོད་བྱ་རྒྱུར་ཞབས་འདེགས་ཞུ་དགོས་པ། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་ཤེས་ལྡན་པ་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་དབྱང་རྩ་འཛུགས་པུའུ་ལ“མི་སྟོང་གི་འཆར་གཞི”དང“མི་བརྒྱའི་འཆར་གཞིའི”ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་ཧུར་ཐག་བྱེད་པ། “ཁྲང་ཅང་མཁས་དབང”དང“མི་བརྒྱའི་འཆར་གཞི”སོགས་ཀྱི་རྣམ་གྲངས་མུ་མཐུད་ལག་བསྟར་བྱེད་པ་བཅས་བྱས་ཏེ་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་མེས་རྒྱལ་དུ་ཕྱིར་ལོག་མཁན་ཤེས་ལྡན་པའི་རྒྱལ་ཆེད་ཕན་འབྲས་ཆེ་རུ་གཏོང་དགོས་པ། ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་མེས་རྒྱལ་དུ་ཕྱིར་ལོག་སྟེ་ལས་གཏོད་གསར་གཏོད་དང་རྒྱལ་ཁབ་ལ་ཞབས་འདེགས་ཞུ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ་དང་། ས་ཁུལ་ཁག་གི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་གྱི་ལས་གཏོད་གླིང་ལ་མཛུབ་ཁྲིད་བྱ་རྒྱར་ཤུགས་སྣོན་རྒྱག་པ། ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་མེས་རྒྱལ་དུ་ཕྱིར་ལོག་སྟེ་གསར་གཏོད་ལས་གཏོད་བྱེད་འགོ་འཛུགས་པའི་རྒྱབ་སྐྱོར་འཆར་གཞི་ལག་བསྟར་བྱས་ནས་ཕྱི་རྒྱལ་དུ་ཡོད་པའི་བུ་ཕྲུག་གིས་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་འཆར་གཞི་ལག་བསྟར་ཤུགས་ཆེན་བྱེད་དགོས་པ། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་གཏོད་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་མེས་རྒྱལ་དུ་ཕྱིར་ལོག་མཁན་ལ་རིག་གནས་མཉམ་འདྲེས་གང་མགྱོགས་ཐུབ་པ་བྱས་ཏེ་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་མེས་རྒྱལ་དུ་ཕྱིར་ལོག་རྒྱུ་དེ“ས་ཆུ་མི་འཕྲོད་པ”ནས“རྩ་བ་བརྟན་ཚུགས”བར་འགྱུར་བ་བྱེད་དགོས་པ། དེ་དང་ཆབས་ཅིག་དབུས་ནུབ་རྒྱུད་ཀྱི་ས་ཁུལ་གྱི་ཤེས་ལྡན་པ་ནང་འདྲེན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་མེས་རྒྱལ་དུ་ཕྱིར་ལོག་ཞབས་ཞུའི་ལས་དོན་སྔར་བས་ཡག་པ་དང་སྔར་བས་མགྱོགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། 2016ལོའི་ལོ་མཇུག་བར་རང་རྒྱལ་གྱི་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་མེས་རྒྱལ་དུ་ཕྱིར་ལོག་མཁན་ ཁྱོན་ཁྲི་365.11ཟིན་པ་དེའི་ནང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱིས་70%བཟུང་བ།
      

    ཕྱོགས་བསྡུས་གསར་འགྱུར།