འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཐའེ་པེ་གྲོང་ཁྱེར་ཞིན་དབྱི་ཝེ་ཞིའུ་གློག་བརྙན་གྲོང་དུ་མེ་ཤོར་ནས་དེར་ཡོད་མི་སྣ་ཚང་མ་
    ཕྱིར་འཐེན་ཁ་འགྲེམས་བྱས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་30ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཐའེ་པེ་གྲོང་ཁྱེར་ཞིན་དབྱི་ཝེ་ཞིའུ་གློག་བརྙན་གྲོང་དུ་མེ་ཤོར་ནས་དེར་ཡོད་མི་སྣ་ཚང་མ་
ཕྱིར་འཐེན་ཁ་འགྲེམས་བྱས་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་29ཉིན་གྱི་ཆུ་ཚོད་22དང་སྐར་མ་20བར། ཐའེ་པེ་གྲོང་ཁྱེར་ཞིན་དབྱི་ཝེ་ཞིའུ་གློག་བརྙན་གྲོང་ནང་ཁུལ་གྱི་མི་སྣ་ཚང་མ་ཕྱིར་འཐེན་ཁ་འགྲེམས་བྱས་ཡོད་པ་རེད། བདེ་འཇགས་ཡོང་བའི་ཆེད་དུ་གློག་བརྙན་གྲོང་གི་གློག་ཁུངས་བཅད་ཡོད་ཅིང་། ཐོག་ཁང་ནག་པོ་ནག་རྐྱང་ཆགས་པ་དང་། མེ་གསོད་མི་སྣས་དུ་བ་ཕྱིར་འབུད་བྱེད་བཞིན་ཡོད་པ་རེད།
         ཐའེ་པེ་གྲོང་ཁྱེར་གྱི་མེ་གསོད་ཅུས་ཀྱི་ཚེས་29ཉིན་གྱི་དགོང་མོའི་ཆུ་ཚོད་8དང་སྐར་མ་10གཡས་གཡོན་དུ་ཐའེ་པེ་གྲོང་ཁྱེར་ཝེ་ཞིའུ་གློག་བརྙན་གྲོང་ནང་གི་ཟ་ཁང་དུ་མེ་ཤོར་བ་དང་། མི་རྣམས་དངངས་འདྲོག་སྐྱེས་པའི་བརྡ་འབྱོར་བ་རེད། མེ་གསོད་མི་སྣ་སླེབས་རྗེས། མགྱོགས་མྱུར་དུ་མེ་བསད་པ་མ་ཟད། མི་རྣམས་སྒྲིག་འཛུགས་བྱས་ཏེ་ཕྱིར་འཐེན་ཁ་འགྲེམས་བྱས་པ་རེད།
         མེ་སྐྱོན་ཤོར་ཡུལ་དངོས་སུ་མེ་གསོད་མི་སྣས་གསར་འགོད་པར་མེ་ཤོར་བའི་རྒྱུ་རྐྱེན་ནི་ད་དུང་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། ཟ་ཁང་གི་ལས་མིས་མེ་གསོད་མི་སྣའི་བརྟག་དཔྱད་དང་ལེན་བྱེད་སྐབས་དང་ཐོག་སྣུམ་གྱི་དུ་དྲེག་ཕྱིར་འབུད་འཕྲུལ་ཆས་ལ་མེ་ཤོར་བ་མཐོང་བ་དང་། དེའི་འོག་ཏུ་སྣུམ་བཙོས་སྒྲིག་ཆས་རེད་ཅེས་བཤད་པ་རེད།
    ༄༅།།ཐའེ་པེ་གྲོང་ཁྱེར་ཞིན་དབྱི་ཝེ་ཞིའུ་གློག་བརྙན་གྲོང་དུ་མེ་ཤོར་ནས་དེར་ཡོད་མི་སྣ་ཚང་མ་
ཕྱིར་འཐེན་ཁ་འགྲེམས་བྱས་ཡོད་པ།
    ༄༅།།ཐའེ་པེ་གྲོང་ཁྱེར་ཞིན་དབྱི་ཝེ་ཞིའུ་གློག་བརྙན་གྲོང་དུ་མེ་ཤོར་ནས་དེར་ཡོད་མི་སྣ་ཚང་མ་
ཕྱིར་འཐེན་ཁ་འགྲེམས་བྱས་ཡོད་པ།
    ༄༅།།ཐའེ་པེ་གྲོང་ཁྱེར་ཞིན་དབྱི་ཝེ་ཞིའུ་གློག་བརྙན་གྲོང་དུ་མེ་ཤོར་ནས་དེར་ཡོད་མི་སྣ་ཚང་མ་
ཕྱིར་འཐེན་ཁ་འགྲེམས་བྱས་ཡོད་པ།
    ༄༅།།ཐའེ་པེ་གྲོང་ཁྱེར་ཞིན་དབྱི་ཝེ་ཞིའུ་གློག་བརྙན་གྲོང་དུ་མེ་ཤོར་ནས་དེར་ཡོད་མི་སྣ་ཚང་མ་
ཕྱིར་འཐེན་ཁ་འགྲེམས་བྱས་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།