འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཙམ་པབ་ཝེར་ཀྲུང་གོའི་རླངས་འཁོར་ཁེ་ལས་ཀྱིས་སྒྲིག་སྦྱོར་བྱས་པའི་རླངས་འཁོར་ཐོག་
    མ་ཐོན་སྐྱེད་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་30ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཙམ་པབ་ཝེར་ཀྲུང་གོའི་རླངས་འཁོར་ཁེ་ལས་ཀྱིས་སྒྲིག་སྦྱོར་བྱས་པའི་རླངས་འཁོར་ཐོག་
མ་ཐོན་སྐྱེད་ཟིན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་27ཉིན་ཙམ་པབ་ཝེའི་རྒྱལ་ས་ཧ་ར་རེར་པེ་ཅིང་རླངས་འཁོར་ཙམ་པབ་ཝེ་ཚད་ཡོད་ཀུང་སིའི་སྒྲིག་སྦྱོར་འཁོར་ཁང་ནས་རླངས་འཁོར་གསར་པ་དང་པོ་དེ་ཐོན་སྐྱེད་བྱས་པ།
          པེ་ཅིང་རླངས་འཁོར་བཟོ་ལས་ཚོགས་པ་སྤྱི་ཁྱབ་ཀུང་སིའི་ཙམ་པབ་ཝེ་ཚད་ཡོད་ཀུང་སིས་སྒྲིག་སྦྱོར་བྱས་པའི་རླངས་འཁོར་ཐོག་མ་ཐོན་སྐྱེད་བྱས་པ་དེ་ཐོག་ནས“ཀྲུང་གོའི་ལན་པར”གྱིས་ཨ་ཧྥེ་རི་ཁ་ལྷོ་རྒྱུད་ཀྱི་རླངས་འཁོར་ཁྲོམ་ར་གསར་གཏོད་བྱེད་པའི་ཁྲོད་ཚད་བརྒལ་གསར་པ་བྱུང་བ་མཚོན་ཡོད།
         ཙམ་པབ་ཝེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧོང་ཕིང་གིས་ཙམ་པབ་ཝེའི་བཟོ་ཚོང་པུའུ་ཀྲང་མའེ་ཁེ·པི་མ་དང་ལྷན་དུ་རླངས་འཁོར་ཐོག་མ་དེའི་ནང་བསྡད་པ་རེད། ཧོང་ཕིང་གིས་ཤིས་ཚིག་སྒྲོན་སྐབས་པེ་ཅིང་རླངས་འཁོར་ཚོགས་པ་ཀུང་སི་ཙམ་པབ་ཝེའི་རྣམ་གྲངས་བདེ་བླག་ངང་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་རླངས་འཁོར་ཐོག་མ་བདེ་བླག་ངང་ཐོན་སྐྱེད་བྱུང་བ་དེས་ཀྲུང་གོའི་ཁེ་ལས་ཀྱིས་ཙམ་པབ་ཝེར་འཕེལ་རྒྱས་གཏོང་བའི་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་པ་མཚོན་ཡོད་ལ། པེ་ཅིང་རླངས་འཁོར་ཚོགས་པ་ཀུང་སིས་ཙམ་པབ་ཝེའི་རླངས་འཁོར་གྱི་བཟོ་སྐྲུན་ལས་རིགས་ཁྲོད་སྟོབས་ཤུགས་གསར་པ་བསྣན་པས་ཕྱོགས་གཉིས་པོའི་ལྷད་མེད་མཉམ་ལས་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་ཡོད་ཅེས་གསུངས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། པེ་ཅིང་རླངས་འཁོར་ཚོགས་པ་ཀུང་སིའི་ཙམ་པབ་ཝེའི་ཚད་ཡོད་ཀུང་སི་ནི་པེ་ཅིང་རླངས་འཁོར་ཚོགས་པ་ཚད་ཡོད་ཀུང་སིས་ཙམ་པབ་ཝེའི་རླངས་འཁོར་བཟོ་གྲྭ་གཉིས་དང་མཉམ་དུ་མ་རྩ་བཏང་ནས་བཙུགས་པ་ཞིག་རེད། མཉམ་ལས་གྲོས་མཐུན་གཞིར་བཟུང་ཀུང་སི་དེས་ས་གནས་དེར་ལས་ཞུགས་ལས་གནས་5000གཏོད་རྒྱུ་མ་ཟད། 2017ལོར་རླངས་འཁོར་1000ཐོན་སྐྱེད་བྱས་ནས་ཙམ་པབ་ཝེར་ཁྲལ་འབབ་ཨ་སྒོར་ཁྲི་130ཙམ་གཏོད་རྒྱུ་རེད།
    ༄༅།།ཙམ་པབ་ཝེར་ཀྲུང་གོའི་རླངས་འཁོར་ཁེ་ལས་ཀྱིས་སྒྲིག་སྦྱོར་བྱས་པའི་རླངས་འཁོར་ཐོག་
མ་ཐོན་སྐྱེད་ཟིན་པ།
      

    ཕྱོགས་བསྡུས་གསར་འགྱུར།