འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།མོང་ཉིའུ་ཚོགས་པས་ནེའུ་ཙི་ལན་གྱི་ཆེད་གཏོགས་འབྲོག་ར་དང་གན་རྒྱ་བཞག་ནས་གོ་ལ་
    ཧྲིལ་པོར་ཁྱབ་མགྱོགས་སུ་གཏོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་30ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་27ཉིན་མོང་ཉིའུ་ཚོགས་པས་ནེའུ་ཙི་ལན་དུ་ཐེ་ལུན་སུའུ་ནེའུ་ཙི་ལན་ཆེད་གཏོགས་འབྲོག་ར་དང་མཉམ་ལས་རྣམ་གྲངས་ཐད་ཕྱོགས་བཞིའི་གྲོས་མཐུན་བཞག་ནས་ཕུང་ཤིན་ཚོགས་པ་དང་། ཨན་ཧྲུའོ། ཐ་ཤིས་འབྲོག་ར་བཅས་དང་མཉམ་དུ་ཆེད་གཏོགས་འབྲོག་ར་ནས་འོ་མ་མཁོ་འདོན་བྱེད་པ་ནས་འོ་མ་ལས་སྣོན་ཞིབ་ཚགས་བྱེད་པའི་བར་གྱི་འཐབ་ཇུས་མཉམ་ལས་བྱེད་རྒྱུ་ཡིན་པ་རེད།
         མོང་ཉིའུ་ཚོགས་པའི་སྤྱི་འདོམས་པ་ལུའོ་མའེ་ཧྥང་གིས་གན་འཇོག་ཤིས་ཚིག་སྒྲོན་སྐབས་ཀྲུང་ནེའུ་རྒྱལ་ཁབ་གཉིས་པོའི་ཉོ་ཚོང་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏིང་ཟབ་བྱུང་བའི་གོ་སྐབས་ལ་བརྟེན་ནས་མོང་ཉིའུ་ཚོགས་པས་ནེའུ་ཙི་ལན་གྱི་མཉམ་ལས་རོགས་ཟླ་དང་མཉམ་དུ་ཐེ་ལུན་སུའུ་ལྟེ་བར་བྱེད་པ་དང་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་དང་འགྲན་རྩོད་ཀྱི་ནུས་པ་དེ་བས་ལྡན་པའི་འོ་མའི་ཐོན་རྫས་སྤུས་རྟགས་གཏོད་རྒྱུ་ཡིན་ཞེས་བརྗོད་པ་རེད།
         ད་ཐེངས་གན་རྒྱ་བཞག་པ་དེས་ཀྲུང་ནེའུ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཕན་པ་ཐོབ་རྒྱུ་མ་ཟད། ཀྲུང་གོའི་འོ་ལས་གོ་ལ་ཧྲིལ་པོའི་འགྲན་རྩོལ་ནང་ཞུགས་རྒྱུར་ཡང་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད། དེ་དང་ཆབས་ཅིག་མོང་ཉིའུ་ཚོགས་པའི་རང་ངོས་ཀྱི་གོ་ལ་ཧྲིལ་པོའི་འཐབ་ཇུས་ཁྱབ་རྒྱ་ཆེ་རུ་ཕྱིན་ནས་རྒྱལ་སྤྱིའི་ཚད་གཞི་དང་ཕྱོགས་ཡོངས་ནས་སྦྲེལ་མཐུད་ཐུབ་པ་དང་བསྟུན་ནས་ཀྲུང་གོའི་འོ་ལས་ཀྱི་གོ་ལ་ཅན་གྱི་སྤུས་རྟགས་གཏོད་མགྱོགས་སུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།