འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།སེམས་ཀྱི་ཉི་ཟླའི་བས་མཐའ་མཚོའི་རྒྱལ་ཁབ་ཀྱི་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་
    སྐུལ་འདེད་གཏོང་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་28ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སེམས་ཀྱི་ཉི་ཟླའི་བས་མཐའ་མཚོའི་རྒྱལ་ཁབ་ཀྱི་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་
སྐུལ་འདེད་གཏོང་བཞིན་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་སྤྱི་གླིང་9ཡི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད། དེའི་ཁྲོད་དུ་གཙང་གསུམ་གྱི་འབྱུང་ཁུངས་དང་། དོམ་ཁྲ། པེ་ཅིང་གི་ལྕགས་རི་རིང་པོ་དང་། སེམས་ཀྱི་ཉི་ཟླའི་བས་མཐའ་མཚོ་སོགས་འདུས་ཡོད་པ་རེད། བས་མཐའ་མཚོའི་རྒྱལ་ཁབ་ཀྱི་སྤྱི་གླིང་ཚོད་ལྟ་ཁུལ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་ཁོངས་སུ་ཡོད་ཅིང་། ཚོད་ལྟ་ཁུལ་གྱི་རྒྱ་ཁྱོན་བསྡོམས་འབོར་ལ་སྤྱི་ལེ་གྲུ་བཞི་མ་602.1ཡོད་པ་དང་། སྤྱི་གླིང་འདི་རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི་3500ལ་ཉེ་བ་ཡོད་པ་རེད།
         ས་གཤིས་དང་ས་དབྱིབས། མཚེའུ་འདམ་ར། ནགས་ཚལ་དང་སྤང་ཐང་། ལུང་གཞུང་དང་ཆུ་བོ།  མཐོང་བར་དཀོན་པའི་སྲོག་ཆགས་དང་སྐྱེ་དངོས་སོགས་ཡོད་ཅིང་། གདོད་མའི་སྐྱེ་ཁམས་ཁོར་ཡུག་བདག་ཚགས་ལེགས་པོ་བྱས་ཡོད་པ་རེད། ཚོད་ལྟ་ཁུལ་ནི་སྲུང་སྐྱོང་ནན་ཆེ་བའི་ཁུལ་དང་སྐྱེ་ཁམས་སྲུང་སྐྱོང་ཁུལ། མགྲོན་པོ་ངལ་གསོ་དང་འགྲེམས་སྟོན་ཁུལ། སྲོལ་རྒྱུན་བེད་སྤྱོད་ཁུལ་བཅས་སུ་དབྱེ་བ་ཕྱེ་ཡོད་པ་དང་། ཁུལ་སོ་སོའི་མཚམས་ཐིག་ནི་རི་རྩེ་དང་ཆུ་བོ། ལུང་གཞུང་སོགས་རང་བྱུང་གི་དབྱེ་མཚམས་རང་དུ་བྱས་ཡོད་པ་རེད། གོང་གི་པར་རིས་ནི་ཡུལ་སྐོར་བ་ཡུན་ནན་སེམས་ཀྱི་ཉི་ཟླའི་བས་མཐའ་མཚོའི་རྒྱལ་ཁབ་སྤྱི་གླིང་དུ་སྤྲོ་འཆམ་བྱེད་བཞིན་ཡོད་པ་རེད། 
    ༄༅།།སེམས་ཀྱི་ཉི་ཟླའི་བས་མཐའ་མཚོའི་རྒྱལ་ཁབ་ཀྱི་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་
སྐུལ་འདེད་གཏོང་བཞིན་ཡོད་པ།
    ༄༅།།སེམས་ཀྱི་ཉི་ཟླའི་བས་མཐའ་མཚོའི་རྒྱལ་ཁབ་ཀྱི་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་
སྐུལ་འདེད་གཏོང་བཞིན་ཡོད་པ།
    ༄༅།།སེམས་ཀྱི་ཉི་ཟླའི་བས་མཐའ་མཚོའི་རྒྱལ་ཁབ་ཀྱི་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་
སྐུལ་འདེད་གཏོང་བཞིན་ཡོད་པ།
    ༄༅།།སེམས་ཀྱི་ཉི་ཟླའི་བས་མཐའ་མཚོའི་རྒྱལ་ཁབ་ཀྱི་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་
སྐུལ་འདེད་གཏོང་བཞིན་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།