འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།གནའ་བོའི་ཕོ་བྲང་གི་གསོག་ཉར་དངོས་རྫས་ཁྲི་186ལྷག་ཏུ་འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་30ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།གནའ་བོའི་ཕོ་བྲང་གི་གསོག་ཉར་དངོས་རྫས་ཁྲི་186ལྷག་ཏུ་འཕར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་29ཉིན་གྱི་སྔོ་དྲོར། གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་གི་2014ལོ་ནས་2016ལོའི་བར་གྱི་གསོག་ཉར་དངོས་རྫས་གཙང་བཤེར་ལས་དོན་ཕྱོགས་བསྡོམས་ཚོགས་འདུའི་ཐོག རྟེན་རྫས་བཤམས་མཛོད་ཁང་གི་འགོ་འཛིན་ཧྲན་ཅི་ཞང་གིས་2016ལོའི་ཟླ་12ཚེས་31ཉིན་བར་དུ་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་དུ་གསོག་ཉར་དངོས་རྫས་བསྡོམས་འབོར་2010ལོའི་ཟླ་12པའི་1807558ནས་1862690རུ་(རིག་རྫས་རྩ་ཆེན་1683336དང་། རིག་རྫས་སྤྱིར་བཏང་པ་163969 དངོས་དཔེ་རིག་རྫས་15385བཅས་)འཕར་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
         དེ་དག་གི་ཁྲོད་དུ། འཕར་སྣོན་ཅུང་མང་བ་ནི་གཙོ་བོ་ལེགས་སྒྲིག་གསར་པ་བྱས་པའི་ཆན་ལུང་གོང་མར་ཕུལ་བའི་མ་ཟིན་དང་སྐུར་ཡིག་དང་། དེ་བཞིན་རུས་པ་དང་རྫ་ཆས་རིགས་ཀྱི་རིག་རྫས་(དངོས་དཔེ་)སོགས་ཡིན་པ་དང་། ཧྲན་ཅི་ཞང་གིས་ངོ་སྤྲོད་གནང་བ་ལྟར་ན། གསོག་ཉར་དངོས་རྫས་གཙང་བཤེར་ལོ་3རིང་བྱས་པ་ལས་དུས་རིམ་གྱི་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་པ་ཙམ་ཡིན་པ་དང་། ཐེངས་འདིའི་གཙང་བཤེར་བྱེད་སྐབས་ལེགས་འགྲུབ་བྱས་ཚར་མེད་པའི་རྣམ་གྲངས་རྗེས་མར་མུ་མཐུད་དུ་བསྒྲུབ་རྒྱུ་ཡིན་པ་མ་ཟད། དུས་ཐོག་ཏུ་མང་ཚོགས་ལ་གསོག་ཉར་དངོས་རྫས་ཀྱི་གནས་ཚུལ་གསར་ཤོས་ཁྱབ་བསྒྲགས་བྱ་རྒྱུ་ཡིན། གཟིགས་མོ་བ་རྣམས་ལ་ཐེངས་འདིའི་གཙང་བཤེར་བྱས་ཚུལ་ཐད་ཀར་ཤེས་རྟོགས་བྱ་རྒྱུར་སྟབས་བདེ་ཡོང་བར་བྱ་ཆེད། གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་གིས"གོང་མ་ཚང་དུ་གསོག་ཉར་རིག་རྫས་---གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་གི་གསོག་ཉར་དངོས་རྫས་ལ་གཙང་བཤེར་ཞིབ་བསྡུར་ལོ་གསུམ་བྱས་འབྲས་འགྲེམས་སྟོན"དང་དེའི་ཆ་འགྲིག་པར་རིས་གཤོམ་སྟོན་བྱེད་ཀྱི་ཡོད་ཅིང་། འགྲེམས་སྟོན་དེ་ནི་ཟླ་3ཚེས་15ཉིན་ཡན་ཞི་ཕོ་བྲང་དུ་གཤོམ་འགོ་ཚུགས་ཤིང་། ཟླ་4ཚེས་15ཉིན་བར་རྒྱུན་མཐུད་དུ་གཤོམ་རྒྱུ་རེད།
    ༄༅།།གནའ་བོའི་ཕོ་བྲང་གི་གསོག་ཉར་དངོས་རྫས་ཁྲི་186ལྷག་ཏུ་འཕར་བ།
    ༄༅།།གནའ་བོའི་ཕོ་བྲང་གི་གསོག་ཉར་དངོས་རྫས་ཁྲི་186ལྷག་ཏུ་འཕར་བ།
    ༄༅།།གནའ་བོའི་ཕོ་བྲང་གི་གསོག་ཉར་དངོས་རྫས་ཁྲི་186ལྷག་ཏུ་འཕར་བ།
      

    ཕྱོགས་བསྡུས་གསར་འགྱུར།