འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཐད་འཕུར་གནམ་གྲུ་བཏང་སྟེ་མཐའ་སྲུང་དམག་མི་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་30ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཐད་འཕུར་གནམ་གྲུ་བཏང་སྟེ་མཐའ་སྲུང་དམག་མི་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་25ཉིན་གྱི་ཐོ་རེངས་སུ། མངའ་རིས་ཡན་ལག་དམག་ཁུལ་ཁང་གི་ལས་སྒྲུབ་ས་ཚིགས་ཤིག་གི་བོད་རིགས་དམག་མི་པད་མ་རྡོ་རྗེ་གློ་བུར་དུ་དོས་དྲག་གི་རྒྱུ་ལྷག་གཉན་ཚད་ཕོག་པ་དང་དེ་གོང་གངས་ཆེན་པོ་བབས་པས་ཡུལ་དེ་ནས་ཕྱི་ཕྱོགས་སུ་སྐྱོད་པའི་འགྲོ་ལམ་འགག་ཡོད། མངའ་རིས་ཡན་ལག་དམག་ཁུལ་ཁང་གིས་མངའ་རིས་ས་མཐོར་ལས་འགན་སྒྲུབ་བཞིན་པའི་སྐམ་དམག་མཁའ་སྐྱོད་ལུའེ་ཡི་གནམ་གྲུའི་ལས་དོན་མི་སྣ་རོགས་སྐྱོབ་བྱེད་པར་བཏང་བ་དང་ཐད་འཕུར་གནམ་གྲུས་པད་མ་རྡོ་རྗེ་མངའ་རིས་ས་ཁུལ་སྨན་ཁང་དུ་གཤགས་བཅོས་བྱེད་པར་བསྐྱལ་ཡོད། མིག་སྔར་པད་མ་རྡོ་རྗེ་སྲོག་ཉེན་ལས་ཐར་ཡོད། གོང་གི་པར་རིས་ནི་མངའ་རིས་སུ་སླེབས་རྗེས་སྨན་པས་པད་མ་རྡོ་རྗེར་གཤགས་བཅོས་མ་བྱས་གོང་གི་གཟུགས་པོ་བརྟག་དཔྱད་བྱེད་པའི་གནས་ཚུལ་ཡིན་པ།
    མངའ་རིས་སུ་སླེབས་རྗེས་འཐབ་གྲོགས་ཀྱིས་པད་མ་རྡོ་རྗེ་སྒལ་པར་འཁུར་ཏེ་གནམ་གྲུ་ནས་བབས་པའི་གནས་ཚུལ་ཡིན་པ།
    མངའ་རིས་སུ་སླེབས་རྗེས་འཐབ་གྲོགས་ཀྱིས་པད་མ་རྡོ་རྗེ་སྒལ་པར་འཁུར་ཏེ་གནམ་གྲུ་ནས་བབས་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།