འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཐུ་ནི་སིའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ཐོག་ཀྲུང་གོའི་དཔེ་དེབ་འགྲེམས་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་30ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་24ཉིན་སྐབས་33པའི་ཐུ་ནི་སིའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་དེ་རྒྱལ་ས་ཐུ་ནི་སིར་འགོ་ཚུགས་ཤིང་། ཐུ་ནི་སིའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ཐོག“ཀྲུང་གོའི་དཔེ་དེབ་འགྲེམས་སྟོན”བྱས་ནས་ཀློག་པ་པོ་མང་པོའི་ཡིད་དབང་བཀུག་ཡོད།
         ཀྲུང་གོའི་དཔེ་དེབ་འགྲེམས་སྟོན་དེ་ཀྲུང་གོའི་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་མི་དམངས་སློབ་གསོ་དཔེ་སྐྲུན་ཁང་དང་མཐོ་རིམ་སློབ་གསོ་དཔེ་སྐྲུན་ཁང་སོགས་དཔེ་སྐྲུན་ཁང་མང་པོ་མཉམ་དུ་འགྲེམས་སྟོན་ནང་ཞུགས་ཡོད།
         ཀྲུང་གོ་ཕྱོགས་ཀྱི་འགྲེམས་ཞུགས་ཚོགས་པའི་འགན་ཁུར་བ་ཀྲུང་གོ་སློབ་གསོ་དཔེ་དེབ་ཕྱིར་གཏོང་ནང་འདྲེན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཞིང་གཡོད་ལུང་གིས་གསར་འགོད་པར་འགྲེམས་ཞུགས་ཚོགས་པས་ད་ཐེངས་དེབ་500ལྷག་ཙམ་འཁྱེར་ཡོད་པ་དེ་དག་གི་བཅུ་ཆ་དགུ་ཡན་ཕྱི་རྒྱལ་ཡིག་རིགས་ཀྱི་དེབ་ཡིན་པའི་ནང་རྒྱ་ཡིག་སློབ་སྦྱོང་བྱེད་མཁན་ལ་དམིགས་པའི་རྒྱལ་སྤྱིའི་རྒྱ་ཡིག་སློབ་དེབ་དང་སློབ་ཁྲིད་དཔེ་དེབ་སོགས་ཚུད་ཡོད། དེའི་དམིགས་ཡུལ་ནི་ཀྲུང་གོ་ངོ་སྤྲོད་བྱེད་པ་དང་ཐུ་ནི་སི་བ་དེ་བས་མང་བས་ཀྲུང་གོ་སྔར་བས་ཤེས་རྟོགས་ཐུབ་ཆེད་ཡིན་ཞེས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།