འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་58འཁོར་བར་དྲན་གསོ་
    ཞུ་བའི་གསུང་བཤད།

    བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ཆེ་དགྲ་ལྷ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་29ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་58འཁོར་བར་དྲན་གསོ་
ཞུ་བའི་གསུང་བཤད།
           བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ་ཚོ།
            ས་མཐོར་དཔྱིད་དཔལ་རབ་ཏུ་བཞད། ཏང་གི་བཀའ་དྲིན་ལ་བསྟོད་གླུ་ལེན། ཟླ་3ཚེས་28ཉིན་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་རེད། དེ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སེམས་ནང་ནམ་ཡང་མི་ནུབ་པའི་མཛད་རྗེས་རྡོ་རིང་ཞིག་ཡིན་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ནམ་ཡང་དྲན་གསོ་ཞུ་འོས་པའི་རླབས་ཆེན་གྱི་ཉིན་མོ་ཞིག་ཀྱང་རེད། མཚམས་འདིར་ངས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་མི་དམངས་ལ་དུས་ཆེན་གྱི་བཀྲ་ཤེས་བདེ་ལེགས་ཞུ་རྒྱུ་ཡིན་ལ། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་འབྲེལ་དུས་ཡུན་རིང་པོའི་ནང་བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཕྱི་རྒྱལ་དུ་བཞུགས་པའི་བོད་རིགས་སྤུན་ཟླ། ཕྱིར་སྡོད་རང་མི། རྒྱལ་སྤྱིའི་མཛའ་གྲོགས་མི་སྣ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
           ཉི་འོད་ནི་རང་བྱུང་ཁམས་ཀྱིས་གངས་ལྗོངས་ས་མཐོར་གནང་བའི་བྱམས་སྐྱོང་ཆེ་ཤོས་དེ་ཡིན་ལ། མི་ལུས་ལ་བཅིངས་འགྲོལ་བཏང་བ་དེ་ནི་གུང་ཁྲན་ཏང་གིས་ཞིང་བྲན་ཁྲི་ཚོ་བརྒྱར་གནང་བའི་འོད་སྟོང་འཕྲོ་བའི་ཉི་འོད་ལྟ་བུ་ཡིན།
          ལོ་58ཀྱི་གོང་དུ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱའི་རྩ་བའི་བདེ་སྐྱིད་ཀྱི་ཆེད་དུ་ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིས་ཐུགས་ཐག་ཆོད་པོས་འཐབ་ཇུས་བཏོན་གནང་ནས་བོད་རྙིང་པའི་ས་གནས་སྲིད་གཞུང་མེད་པ་བཟོས་ཏེ་དམངས་གཙོའི་བཅོས་སྒྱུར་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་གནང་ནས་ངན་དགུ་ཚང་བའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་བཟོས་ཏེ་བོད་འདི་ཉིད་མུན་ནག་ནས་འོད་སྟོང་ཕྱོགས་སུ་དང་། རྗེས་ལུས་ནས་ཡར་ཐོན་ཕྱོགས་སུ། སྲིད་དབང་སྒེར་གཅོད་ནས་དམངས་གཙོའི་ཕྱོགས་སུ། དབུལ་ཕོངས་ནས་འབྱོར་ཕྱུག་ཕྱོགས་སུ། བཀག་སྡོམ་ནས་སྒོ་དབྱེའི་ཕྱོགས་སུ་བསྐྱོད་པའི་དུས་རབས་གསར་པ་བཏོད་ཡོད།
         ལོ་58རིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག སྐབས་རིམ་བྱུང་གི་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དཀའ་ངལ་མཐའ་དག་ཁྱད་བསད་དང་འབད་འབུངས་ཡར་བརྩོན་གྱིས་ལོ་རྒྱུས་དེབ་ཐེར་ཐོག་འཁོད་པའི་བྱས་རྗེས་རླབས་ཆེན་ཡང་ཡང་བཏོད་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་གལ་ཆེན་གྱི་དགོངས་པ་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས”པའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་བསྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱས་པས་བོད་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། སྣོད་བཅུད་བཟང་པོ་རྒྱུན་འཁྱོངས། དམངས་འཚོ་མུ་མཐུད་ལེགས་བཅོས། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད། 2016ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་བསྡོམས་འབོར་10%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་པ་དང་སྤྱི་ཚོགས་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་23.3%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བར་བརྟེན་མི་རིགས་མཐུན་སྒྲིལ་གྱི་བསམ་བློ་དེ་བས་མི་སེམས་སུ་ཟུག་ཡོད། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་བ་བྱས་ཡོད། ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་བརྒྱབ་ནས་མི་ཁྲི་7.7ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པ་དང་མི་ཁྲི་13གནད་སྨིན་དབུལ་སྒྲོལ་ཐུབ་པ་བྱུང་ཡོད། དེ་དང་ཆབས་ཅིག་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་ལག་བསྟར་གཏིང་ཟབ་བྱས་པས་བོད་ཀྱི་གནམ་མཁའ་དེ་བས་དྭངས་བ་དང་། ས་གཞི་དེ་བས་སྔོ་བ། ཆུ་མོ་དེ་བས་དྭངས་བ། མཁའ་རླུང་དེ་བས་གཙང་བ་བཅས་བྱུང་ཡོད། དེང་གི་བོད་ལྗོངས་ལ་དེ་རིང་དང་འདྲ་བར་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་མེ་ཏོག་མཉམ་བཞད་ཀྱི་རྣམ་པ་དེ་འདྲ་བྱུང་མྱོང་མེད་ལ། དེ་རིང་དང་འདྲ་བར་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུའི་ཡིད་ཆེས་དེ་འདྲ་སྐྱེ་མྱོང་མེད་ཅེས་ང་ཚོས་སྤོབས་སེམས་ཆེན་པོས་ཤོད་ཆོག
           བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
           དྲན་གསོ་ཞུ་བ་དེ་ནི་དེ་བས་ལེགས་པའི་མདུན་སྐྱོད་ཀྱི་ཆེད་དུ་ཡིན། དགུན་དུས་ཀྱི་གྲང་ངར་བརྒྱུད་མྱོང་མཁན་གྱིས་ཉི་འོད་ཀྱི་དྲོ་སྐྱིད་ཚོར་ཐུབ། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱིས་མནར་གཅོད་བཏང་བའི་ཞིང་བྲན་ཁྲི་ཚོ་བརྒྱས་བོད་གསར་པའི་བདེ་སྐྱིད་ཀྱི་འཚོ་བ་དེ་བས་ཤེས་ཐུབ། ང་ཚོས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པར་དྲན་གསོ་ཞུ་དོན་ནི། འཛམ་གླིང་སྐྱེ་བོ་ཀུན་ལ་བོད་རྙིང་པའི་མུན་ནག་གི་ལོ་རྒྱུས་ཤོད་རྒྱུ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་མངོན་པར་བྱ་རྒྱུ་དེ་ཡིན་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ནམ་ཡང་ལོ་རྒྱུས་བློ་ལ་ངེས་པ་དང་། དུས་རྟག་ཏུ་ད་ཆའི་འཚོ་བར་གཅེས་འཛིན། ནུས་ཤུགས་ཡོད་རྒུས་འབྱུང་འགྱུར་གསར་གཏོད་བཅས་བྱ་རྒྱུ་དེ་ཡིན།
           བཙན་འགག་སྲ་མོ་རེད་ཅེས་མ་སྨྲོས་ཤིག དེ་རིང་གོམ་ཞེང་ཆེན་པོས་ཡང་བསྐྱར་འགོ་ནས་བསྐྱོད། ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས། ང་ཚོར་སྤོབས་པ་ཚད་མེད་སྐྱེ་བ་དང་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ང་ཚོར་ཡིད་ཆེས་ཀྱིས་ཁེངས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་འདོམས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས། དེ་སྔའི་དཀའ་སྡུག་དང་དཀའ་ཚེགས་མི་བརྗེད་པ། ད་ཆའི་འོས་འགན་ལ་གནོང་འགྱོད་མེད་པ། མེས་རྒྱལ་དང་མཉམ་དུ་གནས་པ། མི་དམངས་དང་མཉམ་དུ་བསྐྱོད་པ། ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བཅས་བྱས་ཏེ་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་། ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
            རླབས་ཆེན་མེས་རྒྱལ་དེ་བས་མངའ་ཐང་སྟོབས་འབྱོར་ལྡན་པའི་སྨོན་འདུན་ཞུ།
            བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པའི་སྨོན་འདུན་ཞུ།
      

    ཕྱོགས་བསྡུས་གསར་འགྱུར།