འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་རླངས་འཁོར་རིག་གནས་ཡུལ་སྐོར་དུས་ཆེན་ཐོག་ལུས་རྩལ་འགྲན་བསྡུར་སྣ་
    ཚོགས་གཉེར་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་28ཉིན། 15:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཀོས་ནན་རྫོང་གིས། ཟླ་7པར་སྐབས་གཉིས་པའི་རླངས་འཁོར་རིག་གནས་ཡུལ་སྐོར་དུས་ཆེན་གཉེར་རྒྱུ་ཡིན་པ་དང་། དུས་ཆེན་རིང་བྱེ་ཐང་བྱེས་བགྲོད་འགྲན་སློང་འགྲན་བསྡུར་དང་། སྦག་སྦག་གི་བྱེ་ཐང་བྱེས་བགྲོད་འགྲན་སློང་འགྲན་བསྡུར། ས་མཐོའི་རང་མོས་དྲག་འཐབ་འགྲན་བསྡུར་སོགས་ལུས་རྩལ་འགྲན་བསྡུར་གཉེར་རྒྱུ་ཡིན་པ་རེད།
         ཚེས་24ཉིན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ད་ཐེངས་ཀྱི་རླངས་འཁོར་རིག་གནས་ཡུལ་སྐོར་དུས་ཆེན་ཟླ་7ཚེས་5ཉིན་ཀོས་ནན་རྫོང་དུ་འགོ་འཛུགས་རྒྱུ་ཡིན་པ་དང་། དུས་ཡུན་གཟའ་འཁོར་གཅིག་ཡིན་པའི་ཁྱབ་བསྒྲགས་བྱས་པ་རེད། ཀོས་ནན་རྫོང་གི་རྫོང་དཔོན་ཀྲང་ཧྥུང་གིས་ངོ་སྤྲོད་བྱས་དོན། ད་ཐེངས་ཀྱི་ཡུལ་སྐོར་དུས་ཆེན་ནི་བྱེ་ཐང་བྱེས་བགྲོད་འགྲན་སློང་འགྲན་བསྡུར་དང་། སྦག་སྦག་གི་བྱེ་ཐང་བྱེས་བགྲོད་འགྲན་སློང་འགྲན་བསྡུར། ས་མཐོའི་རང་མོས་དྲག་འཐབ་འགྲན་བསྡུར། གདུགས་མཆོངས་འཁྲབ་སྟོན། ཁང་འཁོར་བཏང་ནས་ཕྱིར་སྡོད་འདུ་ཚོགས་དང་དེ་བཞིན་མུའུ་ཁྲི་ཡི་པད་ཁའི་མེ་ཏོག་གི་ཞིང་ཁར་ལྟ་སྐོར་དང་། མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན། རྟ་རྒྱུག གླུ་གར་དགོང་ཚོགས། སྐོར་བྲོའི་མེ་ཕུང་དགོང་ཚོགས་སོགས་ཀྱི་ནང་དོན་ལས་གྲུབ་པ་ཞིག་ཡིན་ལ། དར་སྲོལ་ལུས་རྩལ་འགྲན་བསྡུར་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཡུལ་སྐོར་ཟུང་འབྲེལ་ནུས་ལྡན་ཐུབ་པ་བྱས་ནས། བྱེད་སྒོ་དེ་འགྲན་སློང་རང་བཞིན་དང་ལྟ་གཟིགས་རང་བཞིན་ལྡན་པའི་ལུས་རྩལ་འགྲན་བསྡུར་ཞིག་ལ་བརྩིས་ཏེ་གཉེར་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།