འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཚྭ་འདམ་གཤོང་སའི་རྒྱུན་འཁོར་དཔལ་འབྱོར་གྱི་གཙོ་ཁྲིད་ཐོན་ལས་མ་ལག་ཅིག་རྩ་
    བའི་ཆ་ནས་ཆགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་28ཉིན། 15:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་26ཉིན། གསར་འགོད་པར་ཚྭ་འདམ་གཤོང་སའི་རྒྱུན་འཁོར་དཔལ་འབྱོར་ཚོད་ལྟའི་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར། 2011ལོ་ནས་2016ལོ་བར་ཚྭ་འདམ་གཤོང་སའི་རྒྱུན་འཁོར་དཔལ་འབྱོར་ཚོད་ལྟའི་ཁུལ་གྱིས་རིམ་རྩིས་བྱས་ན་གཏན་འཇགས་རྒྱུ་ནོར་ཁྱོན་སྒོར་དུང་ཕྱུར་2000ཙམ་བཏང་ནས། ཚྭ་མཚེའུ་རྫས་འགྱུར་བཟོ་ལས་དང་། སྣུམ་རླངས་རྫས་འགྱུར་བཟོ་ལས། ནུས་རྒྱུ་གསར་པ། རྒྱུ་ཆ་གསར་པ་སོགས་ཐོན་ལས་ཆེན་པོ་བདུན་གཙོ་བོར་བྱས་པའི་གཙོ་ཁྲིད་ཐོན་ལས་ཀྱི་མ་ལག་ཅིག་རྩ་བའི་ཆ་ནས་བཙུགས་ཡོད་པ་རེད།     
         “ཐོན་ལས་ཀྱི་སྦྲེལ་ཐག་རིང་དུ་གཏོང་རྒྱུ་དང་། ལེགས་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ། སྲོག་ཤིང་ཁེ་ལས་འཛུགས་གཏོད་བྱ་རྒྱུ། ཐོན་ལས་ཁྱུ་ཚོགས་སྐྱེད་སྲིང་བྱ་རྒྱུ། ཐོན་ལས་རྟེན་གཞི་ཆེ་རིགས་འཛུགས་སྐྲུན་བྱ་རྒྱུ’བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་ལོ་ལྔའི་རིང་ཚོད་ལྟའི་ཁུལ་གྱིས་རིམ་རྩིས་བྱས་ན་གཏན་འཇགས་རྒྱུ་ནོར་ཁྱོན་སྒོར་དུང་ཕྱུར་1979.26བཏང་བའི་ནང་བཟོ་ལས་ལ་མ་དངུལ་སྒོར་དུང་ཕྱུར་1798.26བཏང་ཡོད”ཚྭ་འདམ་གཤོང་སའི་རྒྱུན་འཁོར་དཔལ་འབྱོར་ཚོད་ལྟའི་ཁུལ་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་མོ་ཀྲུང་མིང་གིས་མིག་སྔའི་བར་ཚོད་ལྟའི་ཁུལ་དུ་བཟོ་ལས་ཁེ་ལས་482གཏན་འཇགས་བྱུང་ཞིང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་134ཡོད་ཅེས་བཤད་པ་རེད།
         རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་25.78ཡོད་པའི་ཚྭ་འདམ་གཤོང་སའི་ཁུལ་ལ་གཏེར་ཁ་ཕུན་སུམ་ཚོགས་པོ་ཡོད་པས“ནོར་གཞོང”ཞེས་སུ་གྲགས། དེ་ཁོངས་སུ་ཚྭ་མཚེའུ་ཡི་ཐོན་ཁུངས་གཙོ་བོར་བྱས་པའི་སྤུས་ལེགས་གཏེར་ཁའི་ཐོན་ཁུངས་འདུས་ཆེ་བ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཀྱི་ཡོད། 2005ལོའི་ཟླ་བཅུ་པར་ཚྭ་འདམ་གཤོང་སའི་རྒྱུན་འཁོར་དཔལ་འབྱོར་ཚོད་ལྟའི་ཁུལ་དེ་རྒྱལ་ཁབ་རིམ་པའི་རྒྱུན་འཁོར་དཔལ་འབྱོར་ཚོད་ལྟའི་ཁུལ་ཁག་དང་པོའི་ཁོངས་སུ་བཅུག་པ་དང་། 2010ལོའི་ཟླ་གསུམ་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《མཚོ་སྔོན་ཞིང་ཆེན་གྱི་ཚྭ་འདམ་གཤོང་སའི་རྒྱུན་འཁོར་དཔལ་འབྱོར་ཚོད་ལྟའི་ཁུལ་གྱི་སྤྱིའི་འཆར་འགོད་》ལག་ལེན་བསྟར་ཆོག་པའི་མཆན་འགོད་བཀའ་ལན་གནང་བ་དང་ཆབས་ཅིག་ཚྭ་འདམ་གཤོང་སའི་རྒྱུན་འཁོར་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་རིམ་འཕར་བྱུང་ཡོད།
          མོ་ཀྲུང་མིང་གིས་ཉེ་བའི་ལོ་ལྔའི་རིང་ཚྭ་མཚེའུ་ཡི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱ་རྒྱུ་གཙོ་བོར་བཟུང་སྟེ། ཅཱ་དང་། ནཱ། མཱེ། ལིས། ཚ་ལ་སོགས་ཐོན་ཁུངས་སྐས་རིམ་བཞིན་གསར་སྤེལ་བྱ་རྒྱུར་སྐུལ་འདེད་བཏང་བ་བརྒྱུད། ཚྭ་འདམ་གཤོང་སའི་ཚྭ་མཚེའུ་ཐོན་ཁུངས་གསར་སྤེལ་བྱ་རྒྱུ་དེ་ཐོན་ལས་མང་དག་མཉམ་འདྲེས་འཕེལ་རྒྱས་དང་རྒྱུན་འཁོར་ཐོན་ལས་སྦྲེལ་ཐག་རྒྱུན་འཁོར་སྣེ་སྦྱོར་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།