འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་མཚོ་སྔོན་པོ་སྐོར་བའི་རྐང་འཁོར་མཉམ་འབྲེལ་འགྲན་བསྡུར་འགོ་
    ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་28ཉིན། 15:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          ཟླ་3ཚེས་25ཉིན། 2017ལོའི་མཚོ་སྔོན་པོ་སྐོར་བའི་རྐང་འཁོར་མཉམ་འབྲེལ་འགྲན་བསྡུར་གྱི་འགོ་འཛུགས་འགྲན་བསྡུར་ཞ་མོན་དུ་དངོས་སུ་འགོ་ཚུགས་པ་རེད། མཚོ་སྔོན་པོ་སྐོར་བའི་མཉམ་འབྲེལ་འགྲན་བསྡུར་ནང་འགྲན་ཁུལ་7གཏན་འཁེལ་བྱས་པ་དང་། 2016ལོའི་ཞ་མོན་དང་། ཁྲེང་ཏུའུ། མཚོ་སྔོན་ཧེ་ཡན་བཅས་ཀྱི་འགྲན་ཁུལ་གསུམ་རང་སོར་བཞག་པའི་རྨང་གཞིའི་ཐོག་ཡུན་ནན་དབྱི་ལའང་དང་ཧྲན་ཏུང་མོང་དབྱིན་སོགས་འགྲན་ཁུལ་གསར་པ་4གསར་དུ་བསྣན་ཡོད་ཅེས་ངོ་སྤྲོད་བྱས།
         འགྲན་དོན་སྒྲིག་འཛུགས་ཨུ་ལྷན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་མཚོ་སྔོན་པོ་སྐོར་བའི་རྐང་འཁོར་མཉམ་འབྲེལ་འགྲན་བསྡུར་གྱི་བྱ་དགར་འགྱུར་བ་ཆེན་པོ་བཏང་ཡོད། སྒྲིག་འཛུགས་ཨུ་ལྷན་གྱིས་དེ་སྔའི་ཚོགས་ཆུང་ཁག་གི་བྱ་དགའ་ཨང་ལྔ་པ་བར་སྤྲོད་པ་ནས་ད་ཆའི་མཉམ་འབྲེལ་འགྲན་བསྡུར་གྱི་ཨང་20བར་བྱ་དགའ་སྤྲོད་རྒྱུ་རེད། གཞན་ད་དུང་བྱ་དགའི་དངུལ་ཡང་མང་དུ་བཏང་ཞིང་། སྐྱེས་པའི་གཞུང་ལམ་ཚོགས་ཆུང་དང་སྐྱེས་པའི་རི་ཁུལ་ཚོགས་ཆུང་གི་ཨང་དང་པོ་ཐོབ་མཁན་ལ་བྱ་དགའི་དངུལ་སྒོར་5000དང་། བུད་མེད་རི་ཁུལ་ཚོགས་ཆུང་གི་ཨང་དང་པོ་ཐོབ་མཁན་ལ་བྱ་དགའི་དངུལ་སྒོར་3000སྤྲོད་རྒྱུ་རེད།
         མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་གྱི་རྐང་འཁོར་འགྲན་བསྡུར་2002ལོ་ནས་འགོ་ཚུགས་པ་དང་ལོ་15ཡི་འཕེལ་རྒྱས་བརྒྱུད་རང་རྒྱལ་ཙམ་མ་ཟད། ཐ་ན་ཨེ་ཤེ་ཡ་རུ་ཆུ་ཚད་མཐོ་ཤོས་དང་། གཞི་ཁྱོན་ཆེ་ཤོས། ས་བབ་མཐོ་ཤོས། ཁྱད་ཆོས་ལྡན་ཤོས་བཅས་ཀྱི་གཞུང་ལམ་རྐང་འཁོར་འགྲན་བསྡུར་རྣམ་གྲངས་ཤིག་ལ་གྱུར་ཡོད། མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་གྱི་སྣུར་སྲིང་རྣམ་གྲངས་ཡིན་པའི་མཚོ་སྔོན་པོ་སྐོར་བའི་རྐང་འཁོར་མཉམ་འབྲེལ་འགྲན་བསྡུར་2016ལོར་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།