འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།C919རྟགས་ཅན་གྱི་གནམ་གྲུའི་འཕུར་སྐྱོད་ཐོག་མའི་ལག་རྩལ་གྱི་ཞིབ་དཔྱད་བདེ་
    བླག་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་28ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་26ཉིན། རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་འཕུར་སྐྱོད་ཐོག་མ་བདེ་བླག་ཡོང་རྒྱུ་འགན་ལེན་བྱ་ཆེད། C919རྟགས་ཅན་གྱི་གནམ་གྲུའི་འཆར་འགོད་འབྲས་བུ་དང་། བཟོ་སྐྲུན་རྣམ་པ། ཚོད་ལྟའི་འཕུར་སྐྱོད། སྐུ་མགྲོན་ཞབས་ཞུའི་ལས་གྲྭའི་གྲ་སྒྲིག་ལས་དོན་བཅས་གཏན་འཁེལ་བྱུང་རྗེས་ཀྲུང་གོ་ཚོང་སྤྱོད་གནམ་གྲུ་ཚད་ཡོད་འགན་འཁྲི་ཀུང་སིས་ཧྲང་ཧའེ་རུ་C919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུའི་འཕུར་སྐྱོད་ཐོག་མའི་ལག་རྩལ་ཞིབ་དཔྱད་ཚོགས་འདུ་འཚོགས་པ་རེད། ཞིབ་དཔྱད་ཨུ་ལྷན་གྱིས་C919རྟགས་ཅན་གྱི་གནམ་གྲུའི་འཕུར་སྐྱོད་ཐོག་མའི་ལག་རྩལ་ཞིབ་དཔྱད་ལ་མཐའ་གཅིག་ཏུ་མོས་མཐུན་བྱས་པ་རེད། དེ་དང་དུས་མཚུངས་གློག་ཁབ་ལེན་གྱི་མཐུན་འགྲིག་སོགས་ཀྱི་ཚོད་ལྟ་དང་དེ་བཞིན་བཤུད་འགྲོའི་ཚོད་ལྟ་ར་སྤྲོད་ཐུབ་རྗེས་འཕུར་སྐྱོད་ཐོག་མ་རེ་ཞུ་བྱེད་ཆོག་པའི་གྲོས་འགོ་བཏོན་པ་དེ་ཐོག་ནས་C919རྟགས་ཅན་གྱི་གནམ་གྲུའི་འཕུར་སྐྱོད་ཐོག་མའི་དམིགས་ཚད་མངོན་འགྱུར་བྱེད་པར་གོམ་སྟབས་བརྟན་པོ་ཞིག་སྤོས་པ་མཚོན་ཐུབ།
      

    ཕྱོགས་བསྡུས་གསར་འགྱུར།