འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རྒྱ་གྲོ་མའི་རྒྱ་ཟས་ལས་སྣོན་གྱི་འགག་རྩའི་ལག་རྩལ་རྒྱལ་སྤྱིའི་སྔོན་ཐོན་ཆུ་
    ཚད་དུ་སླེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་28ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་26ཉིན། རང་རྒྱལ་གྱི་རྒྱ་གྲོ་མའི་རྒྱ་ཟས་ལས་སྣོན་གྱི་འགག་རྩའི་ལག་རྩལ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ་རེད། གོང་ཚེས་ཉིན་གྲུབ་འབྲས་དེ་ལེགས་འགྲུབ་བྱེད་མཁན་དང་པོ་ཀྲུང་གོ་ཞིང་ལས་ཚན་རིག་ཁང་ཞིང་ལས་ཐོན་ཟོག་ལས་སྣོན་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཞིབ་འཇུག་པ་ཏའེ་ཞའོ་ཧྥེང་གིས་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོའི་ཞིང་ལས་ཚན་རིག་ལྷན་ཚོགས་ཀྱིས་ཉེ་ཆར་ཀྲུང་གོའི་ཞིང་ལས་ཚན་རིག་ཁང་ཞིང་ལས་ཐོན་ཟོག་ལས་སྣོན་ཞིབ་འཇུག་སུའོ་ཡིས་གཙོ་སྐྱོང་བྱས་ནས་ལེགས་པར་གྲུབ་པའི“རྒྱ་གྲོ་མའི་རྒྱ་ཟས་ལས་སྣོན་གྱི་འགག་རྩའི་ལག་རྩལ་གསར་གཏོད་དང་ཐོན་ལས་ཅན”གྱི་གྲུབ་འབྲས་ལ་ཚན་རྩལ་གྲུབ་འབྲས་ཡིན་པའི་གདེང་འཇོག་བྱས་ཤིང་། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་གྲུབ་འབྲས་དེའི་སྤྱིའི་ལག་རྩལ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པའི་ངོས་འཛིན་གཅིག་མཐུན་བྱས་ཡོད་ཅེས་བརྗོད།
         པེ་ཅིང་བཟོ་ཚོང་སློབ་ཆེན་གྱི་སློབ་སྤྱི་ཡོའན་ཧྲི་སུན་པའོ་གོས་ཙུའུ་ཀྲང་དང་ཀྲུང་གོའི་ཞིང་ལས་ཚན་རིག་ཁང་སྔོ་ཚལ་མེ་ཏོག་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཡོའན་ཧྲི་ཧྥང་ཀྲི་ཡོན་དང་ཏ་ལེན་བཟོ་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཡོའན་ཧྲི་ཀྲུའུ་པེ་ཝུའེ་ཙུའུ་ཀྲང་གཞོན་པ་ཡིན་པའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས“རྒྱ་གྲོ་མའི་རྒྱ་ཟས་ལས་སྣོན་གྱི་འགག་རྩའི་ལག་རྩལ་གསར་གཏོད་དང་ཐོན་ལས་ཅན”གྱིས་རང་རྒྱལ་གྱི་རྒྱ་གྲོ་མའི་རྒྱ་ཟས་ལས་སྣོན་ཆེད་སྤྱོད་རྒྱུ་ཆ་དང་། འགག་རྩའི་ལག་རྩལ་དང་ལས་སྣོན་ཆེད་སྤྱོད་ཀྱི་སྒྲིག་བཀོད། ཐོན་ལས་གདེང་འཇོག་བྱེད་ཐབས། ལག་རྩལ་དཀོན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་རྒྱ་གྲོ་མའི་རྒྱ་ཟས་ལས་སྣོན་རྒྱུ་ཆ་དང་ཐོན་ཟོག་གི་གདེང་འཇོག་འདེམ་སྒྲུག་བྱེད་ཐབས་ཞིབ་འཇུག་བྱས་ཏེ་བཟོས་པ་དང་། རྒྱ་གྲོ་མའི་རྒྱ་ཟས་ཐོན་ཟོག་གི་འཚོ་བཅུད་འོས་འཚམ་གྱི་མ་དཔེ་དང་རྒྱ་གྲོ་མའི་རྒྱ་ཟས་ཐོན་ཟོག་རྫུས་འབྱེད་ཐབས་ལམ་གསར་གཏོད་བྱས་པ། རྒྱ་གྲོ་མའི་རྒྱ་ཟས་ལས་སྣོན་རྒྱུ་ཆ་དང་ཐོན་ཟོག་ཐད་ཀྱི་གདེང་འཇོག་བྱེད་ཐབས་དང་ཚད་གཞི་ཅན་གྱི་ལག་རྩལ་དཀོན་པའི་སྟོང་ཆ་བསྐངས་ཡོད་ཅིང་། རྒྱ་གྲོ་མའི་ཐུག་པའི་སྐོར་གྱི་ལག་རྩལ་དང་། རྒྱ་གྲོ་མའི་མོག་མོག་ལམ་སེང་གསོབ་པའི་ལག་རྩལ། ཐོན་ཟོག་གི་མ་གནས་ཆུང་གཏོང་དང་སྤུས་ཚད་ལེགས་གཏོང་གི་ལག་རྩལ་སོགས་ཀྱི་སྲོལ་བཏོད་ནས་རྒྱ་གྲོ་མའི་རྒྱ་ཟས་ལས་སྣོན་གྱི་འབྱར་ཚད་ཆེ་བ་དང་། གྲུབ་ཚུལ་དཀའ་བ། གསོབ་ཚད་དཀའ་བ་སོགས་ཀྱི་ལག་རྩལ་དཀའ་གནད་བསལ་ནས་རྒྱ་གྲོ་མའི་རྒྱ་ཟས་ཐོན་ཟོག་བཟོ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པའི་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།