འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས“ཞིབ་ཐོའི་ལམ་ལུགས+འགན་འཁྲིའི་ལམ་ལུགས”རེ་རེ་བཞིན་དོན་
    འཁྱོལ་ཐུབ་རྒྱུར་དམ་འཛིན་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་28ཉིན། 15:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་25ཉིན་གྱི་སྔ་དྲོ་སི་ཁྲོན་ཞིང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་འདུ་གཉིས་རིང་སི་ཁྲོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཞིབ་འཇུག་དང་ལག་བསྟར་དོན་འཁྱོལ་བྱས་ཏེ་《ལག་བསྟར་ཇུས་གཞི་》དང་《ལྟ་ཞིབ་ཇུས་གཞི་》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་གསུང་བཤད་ཀྱི་དགོངས་དོན་གཅིག་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང“ཞིབ་ཐོའི་ལམ་ལུགས+འགན་འཁྲིའི་ལམ་ལུགས”ཀྱི་འགྱུར་མེད་བླང་བྱར་གཞིགས་ཏེ་མངག་བཅོལ་ནན་པོ་ཆུད་ཟོས་སུ་མི་གཏོང་བ་དང་དཀའ་སྒྲུབ་མྱུར་སྒྲུབ་ཀྱིས་རེ་རེ་བཞིན་དོན་འཁྱོལ་ཐུབ་རྒྱུར་དམ་འཛིན་བྱས་ནས་ནུབ་རྒྱུད་ཐོན་འབྱེད་སྒོ་དབྱེའི་མདུན་གྲལ་དུ་སླེབས་པ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
         ཉིན་ཤས་བསྟུད་མར་སི་ཁྲོན་གྱི་རིམ་པ་ཁག་གིས་ཞིང་ཨུད་ཀྱི་བཀོད་སྒྲིག་དང་རང་ངོས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དོན་འཁྱོལ་བྱེད་ཐབས་ཞིབ་ཕྲ་བཏོན་པ་དང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་བཞིན་ཡོད།
         ཟླ་3ཚེས་18ཉིན་ཁྱོན་མ་འཇོག་སྒོར་དུང་ཕྱུར་38བྱས་པའི་ཀྲུང་གོ་ཚན་རིག་ཁང་གློག་རྡུལ་ཕྲ་རབ་ཐོན་ལས་གླིང་དང་། ཧྭ་ཏ་པེ་ཏོའུ། ཅུས་ལི་ཚན་རྩལ་སོགས་རྣམ་གྲངས་ཁག་6དང་གཅིག་སྡུད་ཐོག་གན་རྒྱ་བཞག་ནས་ཧྲོང་ལིའུ་ཆུས་སུ་ཡོད་པའི“ཁྲེང་ཏུའུ་ཤིན་ཀུའུ”རུ་ལས་སྒྲུབ་བྱ་རྒྱུར་བཅའ་སྡོད་བྱེད་འགོ་ཚུགས་ཡོད། སི་ཁྲོན་དུ་ཁྱོན་མ་འཇོག་སྒོར་དུང་ཕྱུར་752བྱས་པའི་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་ཁག་19གཅིག་སྡུད་ཐོག་ལག་ལེན་བསྟར་འགོ་ཚུགས་པ་དང་ཐན་ཕུའུ་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་ལུང་ཆོན་རི་བོའི་ཕུག་ལམ་བསྐྲུན་འགོ་ཚུགས་པ་ལ་སོགས་མཉམ་ལས་བྱེད་འགོ་ཚུགས་པ་ནས་རྣམ་གྲངས་ལས་འགོ་ཚུགས་པའི་བར་སི་ཁྲོན་ཞིང་ཆེན་གྱི“རྣམ་གྲངས་ལོའི”འཐབ་ཇུས་བཀོད་སྒྲིག་མགྱོགས་མྱུར་ལག་ལེན་བསྟར་བའི་རྗེས་ཤུལ་མཐོང་ཐུབ།
         མིག་སྔར་སི་ཁྲོན་གྱིས་གྲོང་ཚོ་དབུལ་པོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་སྐུལ་ཁྲིད་བྱེད་པ། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་གྲོང་ཚོ་གསར་པ་འཛུགས་སྐྲུན་བྱེད་པ། གྲོང་གསེབ་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་དམག་འཐབ་ཆེན་པོ་བཞི་བྲེལ་བརྩོན་ཆེན་པོས་བཀོད་སྒྲིག་བྱེད་བཞིན་ཡོད། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་དམའ་བ་དང་འཕེལ་རྒྱས་འགྲོ་དཀའ་བ་དང་། ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པའི་སྐུལ་ཁྲིད་ནུས་པ་ཆུང་བ་དང་ཁྱབ་རྒྱ་ཆུང་བ། གྲོང་ཚོ་གསར་པ་འཛུགས་སྐྲུན་བྱེད་ཤུགས་མི་འདང་བ་དང་དམིགས་སའི་རང་བཞིན་ཞན་པ། མང་ཚོགས་དབུལ་པོའི་ཡོང་འབབ་དམའ་ཙམ་ཡོད་པ་དང་འབབ་འཕར་གྱི་གཏིང་ཤུགས་ཆུང་བ་སོགས་མངོན་གསལ་དོད་པའི་གནད་དོན་དམིགས་སུ་འཛིན་ནས་ཐག་གཅོད་བྱ་རྒྱུ་རེད།
         ཟླ་3ཚེས་22ཉིན་སི་ཁྲོན་ཞིང་ཆེན་གྱི་བོད་རིགས་ས་ཁུལ་དང་དབྱིས་རིགས་ས་ཁུལ་གྱི་2017ལོའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐུལ་སྤེལ་ཚོགས་འདུའི་ཐོག་བོད་རིགས་ས་ཁུལ་དང་དབྱིས་རིགས་ས་ཁུལ་དབུལ་སྒྲོལ་འགག་སྒྲོལ་གྱི་གལ་ཆེན་ནང་གི་འགངས་ཆེར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་མི་ཁྲི་20.6དབུལ་སྒྲོལ་བྱེད་པ་དང་། གྲོང་ཚོ་1149དབུལ་སྒྲོལ་བྱེད་པ། རྫོང་6གི་དབུལ་ཞྭ་འབུད་པ་བཅས་ཀྱི་ལོ་འཁོར་མོའི་དམིགས་ཚད་ལ་དམིགས་ཏེ་བོད་རིགས་ས་ཁུལ་དང་དབྱིས་རིགས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཡག་པོ་སྤེལ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད། “ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར་ཐུགས་ཁུར་དེ་འདྲ་གནང་བས་སེམས་འགུལ་ཟབ་མོ་ཐེབས་བྱུང་། ང་ཚོས་ངེས་པར་དུ་ཐོན་ལས་འཕེལ་རྒྱས་ཡག་པོ་བཏང་སྟེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་སེམས་ནང་བརྟན་པོར་བཅངས་ནས་ངར་ཤུགས་སྒྲིམ་རྒྱུ་ཡིན”ཞེས་ལེང་ཧྲན་ཀྲོའུ་ཀྲའོ་ཅོལ་རྫོང་ཀྲིའར་མོ་ཤང་ཨ་ཐུའུ་ལེའར་གྲོང་ཚོའི་གྲོང་མི་མོ་སེར་ཤོང་ཐེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།