འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོ་རེ་ཡ་ལྷོ་མའི་ཞིབ་དཔྱོད་ཕྱོགས་ཀྱིས་ཕིའོ་ཅིན་ཧུའེ་འཛིན་བཟུང་བྱས་འཐུས་ཀྱི་ཆོག་
    མཆན་འགོད་རྒྱུའི་རེ་ཞུ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་28ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཁོ་རེ་ཡ་ལྷོ་མའི་ཞིབ་དཔྱོད་ཕྱོགས་ཀྱིས་ཕིའོ་ཅིན་ཧུའེ་འཛིན་བཟུང་བྱས་འཐུས་ཀྱི་ཆོག་
མཆན་འགོད་རྒྱུའི་རེ་ཞུ་བྱས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་27ཉིན། ཁོ་རེ་ཡ་ལྷོ་མའི་ཞིབ་དཔྱོད་ཕྱོགས་ཀྱིས་ཁྲིམས་ཁང་ལ་ཙུང་ཐུང་ཟུར་པ་ཕིའོ་ཅིན་ཧུའེ་འཛིན་བཟུང་བྱས་འཐུས་ཀྱི་ཆོག་མཆན་འགོད་རྒྱུའི་རེ་ཞུ་བྱ་རྒྱུའི་གྲོས་ཐག་བཅད་པ་རེད། ཁྲིམས་ཁང་གིས་ཉེ་དུས་འཛིན་བཟུང་བྱ་རྒྱུར་ཆོག་མཆན་འགོད་མིན་གྱི་ཐག་གཅོད་རྒྱུ་རེད། ཞིབ་དཔྱོད་ཕྱོགས་ཀྱིས་ཕིའོ་ཅིན་ཧུའེ་ཡིས་ཙུང་ཐུང་གི་འགན་དབང་གང་དགར་སྤྱད་པ་དང་། ཁེ་ལས་ས་ནས་རྒྱུ་ནོར་བླངས་པ། གསང་དོན་ཕྱིར་བསྒྲགས་པ་བཅས་ཀྱི་དོགས་གཞི་ཡོད་ཅིང་། བརྟག་དཔྱད་བྱེད་དུས་ཉེས་གསོག་དོན་དངོས་མང་ཆེ་བ་ཁས་ལེན་བྱས་མེད་པ་མ་ཟད། དཔང་རྟགས་མེད་བརླག་གཏོང་སྲིད་པའི་དོགས་པའང་ཡོད་པས། ཞིབ་དཔྱོད་ཕྱོགས་དང་ཆེད་བཙུགས་ཞིབ་བཤེར་ཚོགས་ཆུང་གིས་ཕིའོ་ཅིན་ཧུའེ་ལ་བརྟག་དཔྱད་བྱས་པའི་ནང་དོན་དག་ལ་ཞིབ་འཇུག་དང་ཁྲིམས་གཅོད་ཞིབ་ཚགས་བྱ་རྒྱུར་དམིགས་པ་མ་ཟད། དེ་སྔོན་ཕིའོ་ཅིན་ཧུའེ་ལ་ངོ་ཐུག་གདོང་འཕྲད་ཀྱིས་བརྟག་དཔྱད་བྱས་འབྲས་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ནས་ཞིབ་དཔྱོད་ཕྱོགས་ཀྱིས་ཁྲིམས་ཁང་ལ་ཕིའོ་ཅིན་ཧུའེ་འཛིན་བཟུང་བཀའ་རྒྱ་འབབ་པའི་རེ་ཞུ་བྱ་རྒྱུའི་གྲོས་ཐག་བཅད་པ་རེད། གོང་གི་པར་རིས་ནི་2016ལོའི་ཟླ་11ཚེས་29ཉིན་ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་ཕིའོ་ཅིན་ཧུའེ་ཡིས་རྒྱལ་ས་སེ་འོལ་ཙུང་ཐུང་ལས་ཤག་ཆིན་ཝ་སྟེགས་བུར་རྒྱལ་དམངས་ལ་གཏམ་བཤད་བྱེད་དུས་གུས་འདུད་ཞུས་པའི་དཔྱད་གཞིའི་འདྲ་པར་རེད། 
    2016ལོའི་ཟླ་2ཚེས་16ཉིན་ཁོ་རེ་ཡ་ལྷོ་མའི་སེ་འོལ་དུ་བླངས་པའི་ཕིའོ་ཅིན་ཧུའེ་ཡི་འདྲ་པར།
    2016ལོའི་ཟླ་2ཚེས་16ཉིན་ཁོ་རེ་ཡ་ལྷོ་མའི་སེ་འོལ་དུ་བླངས་པའི་ཕིའོ་ཅིན་ཧུའེ་ཡི་འདྲ་པར།
    2012ལོའི་ཟླ་12ཚེས་17ཉིན་ཁོ་རེ་ཡ་ལྷོ་མའི་ཧྲུའེ་ཡོན་དུ་བླངས་པའི་ཕིའོ་ཅིན་ཧུའེ་ཡི་འདྲ་པར།
    2012ལོའི་ཟླ་12ཚེས་17ཉིན་ཁོ་རེ་ཡ་ལྷོ་མའི་ཧྲུའེ་ཡོན་དུ་བླངས་པའི་ཕིའོ་ཅིན་ཧུའེ་ཡི་འདྲ་པར། 
    2012ལོའི་ཟླ་12ཚེས་18ཉིན་ཁོ་རེ་ཡ་ལྷོ་མའི་སེ་འོལ་དུ་བླངས་པའི་ཕིའོ་ཅི་ཧུའེ་ཡི་འདྲ་པར།
    2012ལོའི་ཟླ་12ཚེས་18ཉིན་ཁོ་རེ་ཡ་ལྷོ་མའི་སེ་འོལ་དུ་བླངས་པའི་ཕིའོ་ཅི་ཧུའེ་ཡི་འདྲ་པར།
      

    ཕྱོགས་བསྡུས་གསར་འགྱུར།