འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པོའི་ཆུ་ཁ་རྒྱུན་མཐུད་ནས་རྒྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་19ཉིན། 17:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་ཆུ་དཔྱད་དང་ཆུའི་ཐོན་ཁུངས་བརྟག་དཔྱད་ཚད་ལེན་ཅུས་ཀྱིས་ལྟ་དཔྱད་ཚད་ལེན་དཔྱད་གཞིར་དབྱེ་ཞིབ་བྱས་པར་གཞིགས་ན། ཉེ་བའི་ལོ་10ལྷག་ཙམ་ནང་མཚོ་སྔོན་པོའི་ཆུ་ཁ་རྒྱུན་ཆད་མེད་པར་རྒྱས་པ་དང་མཚོའི་རྒྱ་ཁྱོན་ཡང་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས་ཆུ་ཁ་དེ་དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུའི་དུས་མཇུག་གི་ཚད་གཞིར་སླེབས་ཡོད།
          མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ཀྱི་མཐོ་རིམ་བཟོ་བཀོད་པ་ཏའེ་ཧྲེང་གིས་2005ལོ་ནས་བཟུང་། མཚོ་སྔོན་པོ་རྒྱུག་ཁུལ་དུ་ཆར་ཆུ་བབས་ཚད་རྒྱུན་མཐུད་ནས་མང་དུ་འགྲོ་ཚུལ་མངོན་པ་སྟེ། ལོར་ཆ་སྙོམས་ཆར་ཆུ་བབས་ཚད་1961ལོ་ནས་2004ལོ་བར་ཧའོ་སྨི་358.8མང་དུ་ཕྱིན་པ་དང་2005ལོ་ནས་2016ལོ་བར་ཧའོ་སྨི་421.8མང་དུ་ཕྱིན་ནས་ལྡབ་གཉིས་ཙམ་འཕར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         “2005ལོ་ནས་2016ལོ་བར། མཚོ་སྔོན་པོའི་ཆུ་ཁ་རྒྱུན་མཐུད་ནས་དམའ་རུ་འགྲོ་ཚུལ་ལ་འགྱུར་ལྡོག་བྱུང་ནས་ཆུ་ཁ་རྒྱུན་ཆད་མེད་པར་རྒྱས་ཡོད། ལོ་10ལྷག་ཙམ་རིང་མཚོ་སྔོན་པོའི་ཁོངས་གཏོགས་ཀྱི་ཆུ་དཔྱད་ས་ཚིགས་སུ་ལོར་ཆ་སྙོམས་ཆུ་ཁ་བསྡོམས་སྨི་1.66རྒྱས་ནས་ཆུ་ཁ་དེ་དུས་རབས་གོང་མའི་ལོ་རབས་བདུན་ཅུའི་དུས་མཇུག་གི་ཚད་གཞིར་བསྐྱར་དུ་བསླེབས་ཡོད”ཅེས་ཏའེ་ཧྲེང་གིས་བཤད་པ་རེད།
         མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་ས་གཤིས་དང་རྒྱལ་ཁབ་གནས་ཚུལ་ཡོངས་བཤེར་ཐེངས་དང་པོའི་འབྲས་བུ་ལས་2016ལོའི་ཟླ་བ་དགུ་པར་མཚོ་སྔོན་པོའི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་4429.3དང་2004ལོའི་ཟླ་བ་དགུ་པའི་སྟོང་སྨི་ངོས་གྲུ་4259.6དང་བསྡུར་ན། སྟོང་སྨི་ངོས་གྲུ་169.7འཕར་བ་མངོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།