འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་རྐང་ཚས་དུད་ཚང་དབུལ་པོ་ལས་དངོས་སུ་སྒྲོལ་བའི་ཞིབ་བཤེར་རྩིས་ལེན་གྱི་ཚད་
    གཞི་ཞིབ་ཚགས་སུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་19ཉིན། 17:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 2016ལོའི་ལོ་འཁོར་གྱི་དུད་ཚང་དབུལ་པོ་ལས་དངོས་སུ་སྒྲོལ་བའི་ལས་དོན་གྱི་གནད་འཁེལ་རང་བཞིན་དང་། གནད་སྨིན་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་འགན་ལེན་བྱས་ནས་དབུལ་སྒྲོལ་རྫུས་མ་དང་གྲངས་གཞིའི་དབུལ་སྒྲོལ་གྱི་སྣང་ཚུལ་མི་ཐོན་པ་བྱ་ཆེད། རྐང་ཚ་རྫོང་གིས“གསུམ་བྱས་པ་དྲུག”གི་ཞིབ་བཤེར་རྩིས་ལེན་ཚད་གཞིའི་ཞིབ་བཤེར་རྩིས་ལེན་གྱི་དམིགས་ཚད་12དང་མིང་རྟགས་བཀོད་ནས་གཏན་འཁེལ་བྱས་པའི་རྣམ་གྲངས་8ཞིབ་ཚགས་སུ་བཏང་བ་བརྒྱུད། རྫོང་དེ་ཡོངས་ཀྱི་དོན་དངོས་དང་མཐུན་པའི“ཚད་བརྒལ་གཅིག་དང་། སེམས་ཁྲལ་མེད་པ་གཉིས། འགན་ལེན་གསུམ”བཅས་ཀྱི་ཞིབ་བཤེར་རྩིས་ལེན་ཚད་གཞི་བཟོས་པས་རྫོང་དེ་ཡོངས་ཀྱི་དུད་ཚང་དབུལ་པོ་ལས་དངོས་སུ་སྒྲོལ་བའི་དོ་དམ“གནད་སྨིན”བྱུང་ཡོད།
           རྐང་ཚ་རྫོང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། “ཚད་བརྒལ་གཅིག”ནི་ཁྱིམ་ཚང་དབུལ་པོའི་ལོ་དེ་རང་གི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་བརྟན་པོ་ཡིན་ཚད་རྒྱལ་ཁབ་ཀྱི་ད་ལྟ་ལག་བསྟར་བྱེད་བཞིན་པའི་དབུལ་སྒྲོལ་ཚད་གཞི་ལས་བརྒལ་བ་སྟེ། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཡིས་གཏན་འཁེལ་བྱས་པའི་སྒོར་3316གི་ཚད་གཞི་ལས་བརྒལ་རྒྱུ་དེ་ཡིན། “སེམས་ཁྲལ་མེད་པ་གཉིས”ནི་ཟ་རྒྱུའི་ཐད་སེམས་ཁྲལ་མེད་པ་སྟེ། ཁྱིམ་ཚང་ཁོངས་མིའི་ལོ་འཁོར་མོའི་བཟའ་བཅའི་གཏོང་སྒོ་དེ་ཁྱིམ་ཚང་སོ་སོས་རང་རྟེན་འགན་ལེན་བྱེད་པའམ་ཡང་ན་རྒྱལ་ཁབ་ཀྱིས་འགན་ལེན་བྱེད་པ་དང་ཁྱིམ་ཚང་གི་བདེ་འཇགས་འཐུང་ཆུ་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་ཚད་གཞི་ལོན་པ་བྱ་རྒྱུ་དེ་ཡིན། གོན་རྒྱུའི་ཐད་སེམས་ཁྲལ་མེད་པ་སྟེ། ཁྱིམ་ཚང་ཁོངས་མིའི་ལོ་འཁོར་མོའི་གྱོན་ཆས་གཏོང་སྒོ་དེ་ཁྱིམ་ཚང་སོ་སོས་རང་རྟེན་འགན་ལེན་བྱེད་པའམ་ཡང་ན་རྒྱལ་ཁབ་ཀྱིས་འགན་ལེན་(མ་མཐའི་འཚོ་བ་འགན་ལེན་གྱི་མཐའ་སྐྱོང་དུད་ཚང་སྤྱིར་ན་རྒྱལ་ཁབ་ཀྱིས་འགན་ལེན་བྱེད་པའམ་ཡང་ན་རང་རྟེན་འགན་ལེན་བྱེད་པ་དང་སྤྱིར་བཏང་དུད་ཚང་དབུལ་པོ་དང་མ་མཐའི་འཚོ་བ་འགན་ལེན་དུད་ཚང་དབུལ་པོས་ངེས་པར་དུ་རང་རྟེན་འགན་ལེན་བྱེད་དགོས)བྱ་རྒྱུ་དེ་ཡིན།
          “འགན་ལེན་གསུམ”ནི་གཞི་རྩའི་སྨན་བཅོས་དང་གཞི་རྩའི་རྒན་གསོ་འགན་ལེན་སྟེ། ཁྱིམ་ཚང་ཁོངས་མི་ཚང་མ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་དང་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་པར་མི་འབོར་དབུལ་པོར“རྩ་ཆག་གཅིག་དང་ཆག་ཡང་བདུན”དང་། ནད་ལྕིའི་སྒོ་བསྟེན་རོགས་སྐྱོབ་དང་། སྨན་ཁང་དུ་སྡོད་པའི་རོགས་སྐྱོབ། ནད་གཞི་ཚབས་ཆེན་གྱི་རོགས་སྐྱོབ་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པ་དང་། འོས་འགན་སློབ་གསོའི་འགན་ལེན་སྟེ། སློབ་ལོ་ལོན་པའི་ན་སོ་དར་ལ་མ་བབས་པའི་མི་ཚང་མར་འོས་འགན་སློབ་གསོ་དང་ལེན་ཐུབ་པ་དང་དབུལ་པོས་རྐྱེན་པས་སློབ་མཚམས་ཆད་པའི་སྣང་ཚུལ་(དབང་པོ་སྐྱོན་ཅན་ཚབས་ཆེན་དང་སྨྱོ་ནད་དམ་ཡང་ན་ནད་ལྕི་སོགས་ཀྱི་རྐྱེན་པས་སློབ་གྲྭར་སྐྱོད་མི་ཐུབ་པ་ཕུད)མི་ཐོན་པ་བྱས་ཏེ་ལོ་15སློབ་ཡོན་མི་དགོས་པའི་སློབ་གསོ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་སྟེ་སློབ་ཞུགས་གོང་དང་། འོས་འགན་སློབ་གསོ། སྤྱིར་བཏང་མཐོ་རིམ་སློབ་འབྲིང་། འབྲིང་རིམ་ལས་རིགས་སློབ་གྲྭ མཐོ་སློབ། གཙང་གསུམ་ཆུ་མགོའི་ཁུལ་གྱི་སློབ་གསོའི་གྲོན་དངུལ་འགན་ལེན། ས་ཆ་གཞན་དུ་སློབ་གྲྭར་སྐྱོད་པའི་བྱ་དགའི་ཁ་གསབ་ལམ་སྲོལ་བཅས་ཀྱི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་དེ་ཡིན། སྡོད་ཁང་བདེ་འཇགས་འགན་ལེན་སྟེ། སོ་ཕག་དང་ཤིང་ཆའམ་ཡང་ན་ཨར་འདམ་ལྕགས་རྩིབ་མས་བསྐྲུན་པའི་སྡོད་ཁང་ནི་བདེ་འཇགས་ལྡན་པའི་སྡོད་ཁང་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།