འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་ཁུལ་བཱ་ཙེ་རྫོང་ཅོག་རོ་ཤང་གིས་བཙོག་ཟིང་ཞན་གསུམ་བཅོས་སྒྲིག་བྱས་ནས་མཛེས་པའི་
    གྲོང་གསེབ་བསྐྱར་དུ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་19ཉིན། 17:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གྲོང་གསེབ་ཀྱི་རྣམ་པ་གསར་པ་མཚོན་པའི་ཡིག་རིས་ཀྱིས་བརྒྱན་པའི་གྱང་དང་། ཞིང་དུད་ཀྱི་སྒོ་འགྲམ་དུ་བསྐྲུན་པའི་ཨར་འདམ་ལམ། གྲལ་སྟར་འགྲིག་ཅིང་ཕྱི་དབྱིབས་མཛེས་པའི་སྡོད་ཁང་ལ་སོགས། ཀན་ལྷོ་ཀྲོའུ་བཱ་ཙེ་རྫོང་ཅོག་རོ་ཤང་དུ་སྐྱོད་སྐབས། ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱས་པ་ལས་གྲོང་གསེབ་ཀྱི་རྣམ་པར་དགའ་བ་སྐྱེ་འོས་པའི་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། གང་སར་ལོ་མ་སྐམ་པོས་ཁེངས་པ་དང་འབུད་ཤིང་གང་བྱུང་དུ་སྤུངས་བཞག་པའི་གནས་འདི་ད་ཆ་ཁོད་སྙོམས་ཤིང་གྲལ་སྟར་འགྲིག་པའི་སྲང་ལམ་དང་ཁྲོམ་གཞུང་དུ་གྱུར་ཡོད། “གྲོང་ཚོའི་ནང་དུ་གད་གཞོང་མང་པོ་བཙུགས་རྗེས་གད་སྙིགས་གང་བྱུང་དུ་དབྱུག་མཁན་ཉུང་དུ་སོང་འདུག ད་དུང་གད་སྙིགས་གཤོ་མཁན་ཆེད་མིའང་བཀོད་སྒྲིག་བྱས་སོང”ཞེས་གྲོང་མི་ཚོས་སྤྲོ་བ་ཆེན་པོས་བཤད།
          “དེ་སྔོན་གྲོང་ཚོའི་ནང་འབུད་ཤིང་རང་འདོད་བཞིན་སྤུངས་པ་དང་། གང་སྙིགས་གང་བྱུང་དུ་དབྱུགས་པ། ཆུ་སྙིགས་གང་བྱུང་དུ་བཤོ་བ། སྟོན་དཔྱིད་དུ་ཐལ་རྡུལ་མང་པོ་ལངས་བ། དབྱར་དགུན་དུ་འདམ་པས་ཁེངས་པ་སོགས་ལ་དོ་ཁུར་བྱེད་མཁན་མེད་ལ་གཙང་མ་བཟོ་མཁན་ཡང་མེད”ཧྲང་ཡོན་གྲོང་ཚོའི་ཏང་ཀྲི་པུའི་འགན་འཁུར་བས“ད་ལྟ་ཁོར་ཡུག་བཅོས་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། ཁོར་ཡུག་གཙང་སྦྲའི་གཙོ་གནད་བཅོས་སྒྲིག་ལག་བསྟར་ཇུས་གཞི་དང་འགོ་ཁྲིད་ལས་བྱེད་པའི་ཁོར་ཡུག་གཙང་སྦྲ་འགན་ལེན་ལམ་ལུགས་བཟོས་པ་དང་འབྲེལ། གྲོང་ཚོ་དང་སྡེ་ཁུལ་ཚང་མར་གཙང་སྦྲ་བྱེད་མཁན་ཡང་བཀོད་སྒྲིག་བྱས་པ། རང་ཁྱིམ་གྱི་སྒོ་ར་དང་ཁང་པའི་རྒྱབ་མདུན་དུ་ཞིང་དུད་རང་ཉིད་ཀྱིས་འགན་གཙང་བླངས་ནས་གཙང་སྦྲ་བྱེད་པ་མ་ཟད། ད་དུང་གྲོང་ཚོའི་སྒྲིག་ལམ་དང་སྲོལ་ཡིག་བཟོས་ཏེ་ཁག་བགོས་འགན་གཙང་སྤྲད་པ་བཅས་བྱས་ནས་བཙོག་ཟིང་ཞན་གསུམ་གྱི་གནད་དོན་ཐག་གཅོད་མཐར་ཕྱིན་པ་ཐུབ་ཡོད”ཅེས་བཤད།
         ཅོག་རོ་ཤང་གིས་ད་དུང་གྲོང་ཚོ་དང་ཚོགས་ཆུང་ཁག་དང་གཅིག་སྡུད་བཅོས་སྐྱོང་འགན་འཁྲིའི་ཡི་གེ་བཞག་པ་དང་། གད་སྙིགས་བསྡུ་ལེན་ལམ་ལུགས་དང་ཁོར་ཡུག་གཙང་སྦྲ་ལམ་ལུགས་བཟོས་པ། ཁོངས་གཏོགས་ཁུལ་གྱི་ལས་བྱེད་ལས་བཟོ་དང་། མང་ཚོགས། སློབ་མ་བཅས་ཞུགས་རྒྱུའི་སྐུལ་སློང་བྱས་པ། འགོ་ཁྲིད་ལས་བྱེད་པས་དཔེ་སྟོན་སྣེ་ཁྲིད་བྱས་པ། མང་ཚོགས་ལ་སྤྱི་པའི་ཁོར་ཡུག་གཙང་སྦྲའི་འདུ་ཤེས་ཟབ་ཏུ་བཏང་ནས་ཚུལ་མིན་གྱི་བྱ་སྤྱོད་དང་གཙང་སྦྲར་དང་དོད་མི་བྱེད་པའི་བྱ་སྤྱོད་རང་རྟོགས་ངང་དོར་དུ་བཅུག་པ་བཅས་ཀྱི་ཐོག་ནས་ཤེས་དཔལ་བདེ་ཐང་གི་འཚོ་བའི་གོམས་གཤིས་བཟང་པོ་ཞིག་འཇགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།