འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་3ཚེས་8ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་
    ཐེངས་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་08ཉིན། 18:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
       མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་8ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པས་འཐུས་མི་ཚོགས་ཆུང་གི་ཚོགས་འདུ་འཚོག་རྒྱུ་ཡིན་ཞིང་། ཚོགས་འདུའི་ཐོག་སྔོན་རྩིས་སྐོར་གྱི་སྙན་ཞུར་ཞིབ་བཤེར་བྱ་རྒྱུ་དང་། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་འཆར་གཞིའི་སྐོར་གྱི་སྙན་ཞུ་དང་སྔོན་རྩིས་སྐོར་གྱི་སྙན་ཞུར་ཞིབ་བཤེར་བྱས་ཏེ་སོ་སོས་འཆར་གཞིའི་སྙན་ཞུ་དང་སྔོན་རྩིས་སྙན་ཞུར་ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུ་འདོན་རྒྱུ་རེད། ཕྱི་དྲོའི་ཆུ་ཚོད་3སྐབས། མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཏེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་གནང་རྒྱུའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གསན་རྒྱུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཅན་གོ་ཡིས་གནང་རྒྱུའི་དམངས་ཁྲིམས་ཀྱི་སྤྱིའི་སྒྲིག་སྲོལ་གྱི་མ་ཟིན་སྐོར་གྱི་གསལ་བཤད་གསན་རྒྱུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་དྲུང་ཡིག་ཆེ་མོ་གཅིག་ལྕོགས་ཝང་ཁྲེན་གྱིས་གནང་རྒྱུའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མིའི་མི་གྲངས་དང་འདེམས་བསྐོའི་གནད་དོན་གྱི་ཆོད་དོན་མ་ཟིན་སྐོར་གྱི་གསལ་བཤད་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི་འདེམས་བསྐོ་བྱ་ཐབས་མ་ཟིན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི་འདེམས་བསྐོ་བྱ་ཐབས་མ་ཟིན་སྐོར་གྱི་གསལ་བཤད་གསན་རྒྱུ་རེད།
         སྤྱི་ཟླ་3ཚེས་8ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པས་ "ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བསྒྱུར་བཅོས་ལ་སྐུལ་སྤེལ་བཏང་ནས་ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་འབྱེད་དགོས་"ཞེས་པའི་གྲོས་གཞི་བསྒྲུབ་རྒྱུའི་གྲོས་མོལ་ཚོགས་འདུ་འཚོག་རྒྱུ་རེད།
         སྤྱི་ཟླ་ཚེས་8ཉིན་གྱི་སྔ་དྲོའི་ཆུ་ཚོད་10སྐབས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགྱུར་པའི་ཚོགས་འདུ་འཚོགས་ཏེ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་གདན་ཞུ་གནང་སྟེ་"ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་དང་ཕྱི་ཕྱོགས་འབྲེལ་བ་"ཡི་འབྲེལ་ཡོད་གནད་དོན་སྐོར་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་དྲིས་ལན་འདེབས་རྒྱུ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།