འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱི་ཅུས་ཀྲང་གིས་ཀྲུང་ལུགས་གསོ་རིག་སྨན་
    རྫས་བཅའ་ཁྲིམས་ཀྱི་ལྷན་སྦྱར་ཡིག་ཆ་ཟླ་7ཚེས་1ཉིན་གོང་འདོན་ཐུབ་པ་
    བྱེད་ཀྱི་ཡིན་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་08ཉིན། 15:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱི་ཅུས་ཀྲང་ཝང་གོ་ཆང་གིས་མི་དམངས་ཚོགས་ཁང་ཆེ་མོའི“ཚོགས་འདུ་གཉིས་ཀྱི་པུའུ་ཀྲང་བགྲོད་ལམ”ཐོག་གསར་འགོད་པའི་དྲི་བར་ལན་སྐྱོན་སྐབས་ཀྲུང་ལུགས་གསོ་རིག་སྨན་རྫས་བཅའ་ཁྲིམས་ཀྱི་ལྷན་སྦྱར་ཡིག་ཆ་བཟོ་བཞིན་ཡོད་པས་ཟླ་7ཚེས་1ཉིན་ཀྲུང་ལུགས་གསོ་རིག་སྨན་རྫས་བཅའ་ཁྲིམས་ལག་བསྟར་མ་བྱས་གོང་འདོན་ཐུབ་པ་བྱེད་ཀྱི་ཡིན། རང་རྒྱལ་གྱིས་ཀྲུང་ལུགས་གསོ་རིག་སྨན་རྫས་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་པ་ནི་ཀྲུང་ལུགས་གསོ་རིག་སྨན་རྫས་ལས་རིགས་ཙམ་མ་ཟད་ཐ་ན་ཀྲུང་ཧྭ་མི་རིགས་ཀྱི་དོན་ཆེན་ཞིག་ཡིན་པས་བཅའ་ཁྲིམས་དེ་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་རྒྱུ་ནི་མིག་སྔའི་དོན་ཆེན་ཞིག་རེད། གཅིག་ནས་སྤྱི་ཚོགས་ཀྱི་དམངས་ཚོགས་ལ་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་པའི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་དམངས་ཚོགས་ཀྱིས་དོ་ཁུར་བྱེད་པ་དང་གླེང་མང་བའི་གཙོ་གནད་གནད་དོན་ལ་འགྲེལ་བཤད་ཡག་པོ་རྒྱག་དགོས། གཉིས་ནས་རིམ་ཁག་སྲིད་གཞུང་གི་ལས་དོན་མི་སྣའི་ཁྲིམས་སྦྱོང་ཁྲིམས་སྤྱོད་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱས་ནས་ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་འཛིན་ནན་པོ་བྱེད་དགོས། གསུམ་ནས་བཅའ་ཁྲིམས་དེའི་ཚད་ལྡན་རང་བཞིན་གྱི་ལྷན་སྦྱར་ཡིག་ཆ་བཟོ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། བཞི་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་དང་ཀྲུང་ལུགས་གསོ་རིག་སྨན་རྫས་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་སྙིང་སྟོབས་དང་འབྲེལ་ཡོད་གཏན་འབེབས་དེ་བས་འབྲེལ་མཐུད་ཡག་པོ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
        ཝང་གོ་ཆང་གིས་ཤེས་ལྡན་མི་སྣའི་གནད་དོན་ནི་ཀྲུང་ལུགས་གསོ་རིག་སྨན་རྫས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་གི་གནད་དོན་ཞིག་རེད། ལོ་འདི་དག་ནང་ང་ཚོས་རིམ་མཐོའི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་གཞི་རིམ་སྨན་པའི་ཀྲུང་ལུགས་གསོ་རིག་ལག་རྩལ་གསོ་སྦྱོང་ལ་་སྣང་ཆེན་བྱས་ནས་གྲུབ་འབྲས་ཡག་པོ་ཐོན་ཡོད། ཀྲུང་ལུགས་གསོ་རིག་སྨན་རྫས་འཕེལ་རྒྱས་ཐད་དུས་བདེ་གནས་ལེགས་དང་མི་སེམས་མཐུན་པའི་གོ་སྐབས་བཟང་པོ་ཞིག་འཕྲད་ཡོད་ཅེས་གསུངས་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།