འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ནོར་སྲིད་པུས་2017ལོར་ཀྲུང་གོའི་རྒྱལ་སྲུང་གཏོང་སྒོའི་སྔོན་རྩིས་སྒོར་དུང་ཕྱུར་ཁྲི་1
    ཙམ་བཀོད་སྒྲིག་བྱ་རྩིས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་08ཉིན། 15:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་6ཉིན་ནོར་སྲིད་པུའི་འབྲེལ་ཡོད་འགན་འཁུར་བས་སྔོན་རྩིས་བཀོད་སྒྲིག་གཞིར་བཟུང་། 2017ལོར་ཀྲུང་གོ་ནོར་སྲིད་ཀྱིས་རྒྱལ་སྲུང་གཏོང་སྒོ་སྒོར་དུང་ཕྱུར་10443.97བཀོད་སྒྲིག་བྱ་རྩིས་ཡོད་པ་དེ་ལོ་གོང་མར་བཀོད་སྒྲིག་བྱས་པའི་དངུལ་གྲངས་ལས་7%འཕར་ཡོད་ཅེས་གསུངས།
         ཉིན་ཤས་གོང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཚོགས་ཆེན་གྱི་མགྲིན་ཚབ་པ་ཧྥུའུ་དབྱིང་གིས་ཀྲུང་གོའི་རྒྱལ་སྲུང་གྲོན་དངུལ་སྐོར་ལ་ལན་སྐྱོན་སྐབས་ཁོང་གིས་2017ལོར་ཀྲུང་གོའི་རྒྱལ་སྲུང་གྲོན་དངུལ་7%མང་དུ་ཕྱིན་ཡོད་ཀྱང་GDPནང་བཟུང་བའི་བསྡུར་གྲངས་1.3%ཙམ་ལས་ཟིན་མེད་ལ། ལོ་དེ་དག་རིང་ཆུ་ཚད་དེ་ལས་བརྒལ་མེད། མིག་སྔར་ཨ་རིས་དམག་དོན་གྲོན་དངུལ་མང་དུ་གཏོང་རྒྱུའི་འདོད་ཚུལ་བཏོན་པ་དང་བྱང་ཆིངས་ཀྱིས་ཀྱང་ཁོངས་མིའི་རྒྱལ་ཁབ་ཚང་མའི་དམག་དོན་གྲོན་དངུལ་གྱིས་GDPནང་བཟུང་བའི་བསྡུར་གྲངས་2%བར་མང་དུ་གཏོང་རྒྱུའི་ནན་བཤད་བྱས་ཡོད་ཅེས་གསུངས།
         ནོར་སྲིད་པུའི་འབྲེལ་ཡོད་འགན་འཁུར་བས་ཀྲུང་གོ་སྲིད་གཞུང་གིས་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་ཀྱི་ཡོད། རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་རྒྱལ་སྲུང་འཛུགས་སྐྲུན་གྱི་དགོས་མཁོ་གཞིར་བཟུང་། ལོ་འཁོར་གྱི་རྒྱལ་སྲུང་གཏོང་སྒོ་ལུགས་མཐུན་ངང་གཏན་འཁེལ་བྱེད་ཀྱི་ཡོད། 《རྒྱལ་སྲུང་བཅའ་ཁྲིམས་》དང་《སྔོན་རྩིས་བཅའ་ཁྲིམས་》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བླང་བྱ་གཞིར་བཟུང་། ལོ་ལྟར་གྱི་རྒྱལ་སྲུང་གཏོང་སྒོའི་སྔོན་རྩིས་ཚང་མ་སྲིད་གཞུང་གི་སྔོན་རྩིས་འཆར་ཟིན་ནང་བཅུག་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཞིབ་བཤེར་བྱེད་པ་དང་ཆོག་མཆན་སྤྲོད་ཀྱི་ཡོད་ཅེས་གསུངས།
         ཁོང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་ཞིབ་བཤེར་གནང་རྒྱུར་ཕུལ་བའི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་2016ལོའི་རྒྱལ་ཡོངས་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2017ལོའི་རྒྱལ་ཡོངས་ཀྱི་སྔོན་རྩིས་(འཆར་ཟིན་)》ནང་2017ལོར་ཀྲུང་གོའི་ནོར་སྲིད་ཀྱིས་རྒྱལ་སྲུང་གཏོང་སྒོ་སྒོར་དུང་ཕྱུར་10443.97བཀོད་སྒྲིག་བྱ་རྩིས་ཡོད་པ་དེ་ལོ་གོང་མར་བཀོད་སྒྲིག་བྱས་པའི་དངུལ་གྲངས་ལས་7%འཕར་ཡོད། དེའི་ནང་ཀྲུང་དབྱང་རིམ་པས་རྒྱལ་སྲུང་གཏོང་སྒོ་སྒོར་དུང་ཕྱུར་10225.81བཀོད་སྒྲིག་བྱ་རྩིས་ཡོད་པ་དེ་ལོ་གོང་མར་བཀོད་སྒྲིག་བྱས་པའི་དངུལ་གྲངས་ལས་7.1%འཕར་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།