འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་མཁའ་འགྲུལ་ས་ཚིགས་ཀྱི་ཐོག་ཁང་ཆེ་གྲས་གཉིས་པ་དངོས་སུ་སྤྱོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་08ཉིན། 15:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་6ཉིན་གྱི་སྔ་དྲོ་བོད་ལྗོངས་ཉིང་ཁྲི་སྨན་གླིང་གནམ་ཐང་གི་མཁའ་འགྲུལ་ས་ཚིགས་ཀྱི་ཐོག་ཁང་གསར་པ་དངོས་སུ་སྤྱོད་འགོ་ཚུགས་པ་དེ་ནི་བོད་དུ་མ་འཇོག་བྱས་ནས་སྤྱོད་འགོ་ཚུགས་པའི་མཁའ་འགྲུལ་ས་ཚིགས་ཀྱི་ཐོག་ཁང་6པ་དེ་ཡིན་ལ། མིག་སྔར་བོད་དུ་གཞི་ཁྱོན་ཆེ་བའི་མཁའ་འགྲུལ་ས་ཚིགས་ཀྱི་ཐོག་ཁང་གཉིས་པ་དེའང་ཡིན་པ་རེད།
         མཁའ་འགྲུལ་ས་ཚིགས་ཀྱི་ཐོག་ཁང་གསར་པ་དེར་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་10300ཟིན་པ་དང་2020ལོར་སླེབས་སྐབས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་75ཟིན་རྒྱུ་དང་། ལོར་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་3000ཟིན་རྒྱུ། ཡུལ་སྐོར་བྱེད་མང་ཤོས་དུས་སུ་ཆུ་ཚོད་རེར་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་678ཟིན་རྒྱུ་བཅས་ཀྱི་ཚད་གཞིའི་དགོས་མཁོ་སྐོང་རྒྱུ་གཞིར་བཟུང་འཆར་འགོད་བྱས་པས་ཉིན་ལྟར་དུས་གཏན་གནམ་གྲུ་ཐེངས་གྲངས་30ཙམ་འཕུར་བབས་ཐུབ་པ་བྱ་རྒྱུ་རེད།
         དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཝུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མཁའ་འགྲུལ་ས་ཚིགས་ཀྱི་ཐོག་ཁང་གསར་པ་སྤྱོད་འགོ་ཚུགས་རྗེས་ཉིང་ཁྲི་གནམ་ཐང་གིས་ལོ་འདིའི་ནང་ཤིས་ཨན་བར་གྱི་འགྲོ་འོང་ལམ་ཐིག་གཏོད་པ་དང་པེ་ཅིང་བར་གྱི་ཐད་འཕུར་མཁའ་ལམ་སླར་གསོ་བྱ་རྒྱུ་དང་སྦྲགས་སྔར་ཡོད་མཁའ་ལམ་གྱི་དུས་གཏན་གནམ་གྲུའི་འཕུར་གྲངས་མང་དུ་གཏོང་རྩིས་ཡོད་པ་རེད། འབྱུང་འགྱུར་ལོ་འགའི་ནང་གཙོ་གནད་ཐོག་ཧྲང་ཧའེ་དང་། ཧང་ཀྲོའུ། ཞ་མོན་སོགས་གྲོང་ཁྱེར་བར་གྱི་ཐད་འཕུར་མཁའ་ལམ་གཏོད་དེ་ཉིང་ཁྲི་འདི་ཉིད་བོད་ནས་ཕྱི་ཕྱོགས་ལ་འགྲོ་འོང་བྱེད་པའི་མཁའ་ཐོག་གི་བགྲོད་ལམ་གཉིས་པར་གྱུར་བ་བྱ་རྒྱུ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།