འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་པའི་ལོ་གསར་ལ་གནའ་དེང་ཟུང་འབྲེལ་གྱི་ནང་དོན་ཕུན་སུམ་ཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་01ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         ཞོགས་པར། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གྲོང་ཁྱེར་དུ་བསྡད་ཡོད་པའི་ལྷག་པ་ཚེ་རིང་གིས་ཕ་མ་ཁྲིད་དེ་ཡུལ་དེའི་སྐྱེ་རྒུ་དོན་འགྲུབ་གླིང་དུ་བསང་མཆོད་འབུལ་བ་དང་མཆོད་མེ་སྒྲོན་པ། སྐོར་བ་བསྐོར་བ་བཅས་བྱས་པ་མ་ཟད། འཕྲིན་ཕྲན་ཀྱི་གྲོགས་ཚོགས་ནང་དུ་དུས་ཐོག་ཐད་གཏོང་བྱས་པས་དགའ་རྟགས་དང་ལོ་གསར་གྱི་སྨོན་ཚིག་མང་པོ་ཐོབ་པ་རེད། བཟོ་དབྱིབས་འདྲ་མིན་གྱི་བོད་ལུགས་མངའ་ཟས་དང་། གྲོ་མ་བསྲེས་པའི་ཞོ། ཕྱུར་ར། ཚོན་མདོག་སྣ་མང་གི་ཁ་ཟས། 
         ལྷག་པ་ཚེ་རིང་གིས“དེ་སྔོན་ལོ་གཉིས་ཀྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཧ་ལམ་དུས་གཅིག་ཏུ་ཡིན་ཞིང་། ད་ལོ་བར་ཐག་རིང་དུ་སོང་བ་རེད། ངས་ཟླ་བ་དང་པོའི་ཟླ་འགོ་ནས་དྲ་ཐོག་ནས་ལོ་གསར་གྱི་ཉེར་མཁོ་ཉོ་འགོ་ཚུགས་པ་དང་། ད་ལྟ་རང་ཁྱིམ་མགྲོན་ཁང་གི་བོད་ལུགས་ཅོག་ཙེ་ཐོག་སྲོལ་རྒྱུན་གྱི་ཟས་རིགས་དང་དེང་རབས་ཀྱི་ཟས་རིགས་སོ་སོས་ཕྱེད་ཀ་རེ་བཟུང་ཡོད་པ་དང་། ཅོག་ཙེ་ཐོག་གི་ཆང་ཡང་ཤིང་འབྲས་ཁུ་བར་བརྗེས་ཡོད་ཅེས་བཤད་པ་རེད།
         གསར་འགོད་པས་ཡུལ་ཤུལ་ཁུལ་རིག་གནས་སྡེ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་མེ་མོ་བྱ་ལོའི་ལོ་གསར་གོང་། ཁུལ་འདིའི་ཁོངས་སུ་གཏོགས་པའི་གྲོང་ཁྱེར་གཅིག་དང་རྫོང་ལྔ་སོ་སོས“རིག་གནས་ཀྱི་དགྱེས་སྟོན་ཆེན་པོ”གྲ་སྒྲིག་བྱས་པ་སྟེ། སྲོལ་རྒྱུན་གྱི་ཆོས་ལུགས་ཀྱི་འཆམ་དང་། གླིང་སྒྲུང་ཁ་བཤད། བྲོ། མེ་ཕུང་དགོང་ཚོགས་ལ་སོགས་པ་རེས་མོས་བྱས་ནས་འཁྲབ་སྟོན་བྱས་པ་མ་ཟད། བོད་ཡིག་ཡིག་གཟུགས་དང་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་སོགས་ཀྱི་ནང་དོན་ཡང་བསྣན་པ་རེད།
         ལྷག་པ་ཚེ་རིང་གིས“ད་ལོའི་བོད་ཁུལ་གྱི་བརྙན་འཕྲིན་ཁང་སོ་སོས་(མཚོ་སྔོན་ཨ་མདོ་བརྙན་འཕྲིན་ཁང་དང་། སི་ཁྲོན་ཁམས་པའི་བརྙན་འཕྲིན་ཁང་། བོད་ལྗོངས་བརྙན་འཕྲིན་ཁང་བཅས་ལ་ཟེར)ཁྱད་ཆོས་མི་འདྲ་བའི་བོད་པའི་ལོ་གསར་གྱི་སྤྲོ་ཚོགས་ཕབ་སྐྲུན་བྱས་ཡོད་པ་རེད། ཞོགས་པར་དགོན་པར་ཕྱིན་ནས་ཁྱིམ་དུ་ལོག་རྗེས། རང་ཉིད་ཀྱིས་བརྙན་འཕྲིན་ཁང་གང་ཞིག་གི་སྤྲོ་ཚོགས་ཡག་པ་འདེམས་གསེས་བྱ་རྒྱུར་སྒུག་པ་ཡིན། བོད་ཁུལ་གྱི་ས་ཁུལ་ཁག་བར་གྱི་ཁ་སྐད་དང་ལུགས་སྲོལ་ལ་ཁྱད་པར་ཆེན་པོ་ཡོད་མོད། འོན་ཀྱང་བོད་ཁུལ་གཞན་དག་གི་ལུགས་སྲོལ་རྒྱུས་ལོན་བྱེད་པ་དེའང་སློབ་སྦྱོང་ཞིག་ཡིན”ཞེས་བརྗོད་པ་རེད། 
         བོད་ཀྱི་ལོ་གསར་ནི་བོད་ཀྱི་སྲོལ་རྒྱུན་དུས་ཆེན་གལ་ཆེན་ཞིག་ཡིན་ལ། དུས་ཆེན་འདི་ནི་2011ལོ་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ཁག་གསུམ་པའི་མིང་ཐོ་རུ་བཀོད་ཡོད་པ་རེད།
         2017ལོའི་བོད་མེ་མོ་བྱ་ལོའི་ལོ་གསར་འཆར་ལ་ཉེ་བའི་དུས་སུ་། བོད་ལུགས་ཀྱི་འགུལ་རིས་མི་སྣ་པར་ངོས་སུ་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག་བཅས་ཡིག་རིགས་གསུམ་གྱི་ཐོག་ནས་ལོ་གསར་གྱི་སྨོན་ཚིག་བྲིས་པའི་རི་མོ་དྲ་ཐོག་དར་ཁྱབ་ཆེ་བས། དེ་ནི་བོད་ཁུལ་གྱི་ན་གཞོན་མང་པོས་དྲ་རྒྱའི་ཐོག་ནས་སྨོན་འདུན་ཞུ་བའི་ལག་ཆ་བཟང་པོ་ཞིག་ཏུ་གྱུར་ཡོད་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།