འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་རྫ་ཡུལ་རྫོང་གི་ནགས་ཚལ་ཞིག་ཏུ་མེ་སྐྱོན་ཤོར་བ་གཙང་གསོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་24ཉིན། 15:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། མེ་གསོད་མྱུར་སྐྱོབ་མི་སྣ་ཚོས་ཉིན་མཚན་མེད་པར་དཀའ་སྤྱད་འབད་འཐབ་བྱས་སྟབས། སྤྱི་ཟླ་2ཚེས་18ཉིན་གྱི་ཆུ་ཚོད་17སྐབས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་མཁར་ཉེ་འདབས་སུ་མེ་སྐྱོན་ཤོར་བའི་ནགས་ཚལ་གྱི་མེ་དགྲ་བསད་ཅིང་། ད་ལྟ་མེ་སྐྱོན་ཤོར་ཡུལ་དུ་མེ་རོ་དང་དུ་བ་སོགས་མེད་པར་བཟོས་ཏེ་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་རྒྱུན་ལྡན་བཞིན་སླར་གསོ་བྱུང་བ་རེད།
          སྤྱི་ཟླ་2ཚེས་23ཉིན། གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་ནས་ཤེས་རྟོགས་བྱུང་གསལ། ནགས་ཚལ་མེ་སྐྱོན་གང་མགྱོགས་གསོད་ཆེད། རྫ་ཡུལ་རྫོང་གིས་མེ་སྐྱོན་ཤོར་ཡུལ་གྱི་མེ་རོ་གཙང་གསོད་དང་གཙང་བཤེར་ལས་དོན་གྱི་ཇུས་གཞི་ཞིབ་ཏུ་བཏང་སྟེ་མེ་སྐྱོན་ཤོར་ཡུལ་གཡང་གཟར་ཡིན་པ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་འགོ་ཁྲིད་ཀྱིས་མེ་སྐྱོན་ཤོར་ཡུལ་ཆ་བགོས་འགན་ལེན་བྱེད་པ་དང་། རུ་ཁག་རེ་རེས་མེ་སྐྱོན་ཤོར་ཡུལ་རེའི་མེ་སྐྱོན་གསོད་ཅིང་ཕན་ཚུན་ཉེ་བཅར་བྱེད་པ། མེ་སྐྱོན་བར་མཚམས་གཅོད་ས་བཟོ་བ་བཅས་ཀྱི་བྱ་ཐབས་སྤྱད་ནས་མེ་སྐྱོན་གཙང་གསོད་བྱས་པ་རེད། ཉིན་ཤས་བསྟུད་མར་རྫ་ཡུལ་རྫོང་དུ་ཁ་ཆར་འབབ་པའི་གནམ་གཤིས་ཀྱང་བསྟན་པས། མེ་སྐྱོན་མགྱོགས་མྱུར་གསོད་པར་མཐུན་རྐྱེན་བསྐྲུན་པ་རེད།
          ནགས་ཚལ་མེ་སྐྱོན་བསད་རྗེས། རྫ་ཡུལ་རྫོང་ནགས་ཚལ་མེ་འགོག་མེ་གསོད་བཀོད་འདོམས་པུའུ་ཡིས་མུ་མཐུད་དེ་ནགས་ཚལ་དམག་དཔུང་དང་། མེ་གསོད་མེ་འགོག་རུ་འབྲིང་། མེ་འགོག་འཕྲལ་སྒྲུབ་རུ་ཁག ཆེད་ལས་དོ་དམ་སྲུང་སྐྱོང་རུ་ཁག་སོགས་ཆེད་ལས་མེ་འགོག་སྟོབས་ཤུགས་མི་སྣ་400ལྷག་སྒྲིག་འཛུགས་བྱས་ཏེ་མི་སྣར་བདེ་འཇགས་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་སྟོབས་ཤུགས་ཡོད་རྒུས་མེ་སྐྱོན་ཤོར་ཡུལ་གཙང་བཤེར་ལས་དོན་སྤེལ་བ་དང་དུས་མཚུངས་སུ་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་མེ་སྐྱོན་མངོན་མེད་རྐྱེན་ངན་རྩད་ཞིབ་དང་གཙང་སེལ་ལས་དོན་ཡང་སྤེལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།