འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་དཔྱིད་འདེབས་ཐོན་སྐྱེད་ཤར་ནས་ནུབ་བར་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་24ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་ཞིང་ནང་དུ་ལག་སྐྱོར་འདྲུད་འཐེན་འཁོར་ལོ་ཕར་འགྲོ་ཚུར་འོང་བྱེད་པ་དང་། ཞིང་པ་ལ་ལས་འཕྲུལ་འཁོར་བཏང་ནས་རྨོད་རྒྱག་པ་དང་། ལ་ལས་ལུད་རྒྱག་པ། ཤལ་བ་འདྲུད་ནས་ས་ཁོད་སྙོམས་པ་བཅས་མཚོ་སྔོན་ཞིང་ཆེན་གྱི་དཔྱིད་འདེབས་ཐོན་སྐྱེད་ཤར་ནས་ནུབ་བར་བྱེད་བཞིན་ཡོད་པ་རེད།
           ཞིང་ཆེན་ཞིང་འབྲོག་ཐིང་འབྲུ་སྣུམ་ཁྲུའི་ཀྲང་ཡོན་གྱིས་འདི་ལོ་ཞིང་སྤྱོད་ཐོན་སྐྱེད་རྒྱུ་ཆ་འདང་ངེས་གྲབས་གསོག་བྱེད་པ་དང་། ལས་དོན་ཁག་གི་བྱ་ཐབས་གནད་ལ་འཁེལ་བ། རྨོ་འདེབས་གྲ་སྒྲིག་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་བཅས་བྱས་ནས་དཔྱིད་འདེབས་ལས་དོན་བདེ་བླག་ངང་སྤེལ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་གིས་སོན་སྣ་ཚོགས་སྤྱི་རྒྱ་ཁྲི་3105གྲབས་གསོག་བྱས་པ་དེ་འཆར་གཞི་ལས་སྤྱི་རྒྱ་ཁྲི་1105ལྷག་ཙམ་བརྒལ་བར་བརྟེན་དཔྱིད་འདེབས་ཐོན་སྐྱེད་ཐད་ཀྱི་ས་བོན་གྱི་དགོས་མཁོ་འགན་ལེན་ཐུབ་ཡོད། དེ་དང་ཆབས་ཅིག་ཐོན་སྐྱེད་རྫས་ལུད་ཏུན་ཁྲི་སྣ་ཚོགས་6.2གཏོང་འདྲེན་བྱས་པ་དང་ཞིང་སྨན་ཏུན་178དང་ཞིང་སྤྱོད་འགྱིག་ཤོག་སྲབ་མོ་ཏུན་1585གྲབས་གསོག་བྱས་པས་དཔྱིད་རྨོད་ཐོན་སྐྱེད་ཀྱི་དགོས་མཁོ་བསྐངས་ཡོད་ལ་རྗེས་མཐུད་དངོས་ཟོག་ཀྱང་གཏོང་འདྲེན་བྱེད་བཞིན་ཡོད་ཅེས་བཤད།
            ཀྲང་ཡོན་གྱིས་ན་ནིང་དགུན་ཁ་དང་འདི་ལོའི་དཔྱིད་ཀར་ཞིང་ཆེན་ཡོངས་ཀྱི་ས་ཆ་མང་ཆེ་བར་ཆར་པ་བབས་ཚད་བཅུ་ཆ་2ནས་བཅུ་ཆ་4བར་མང་དུ་ཕྱིན་ཡོད་མོད། འོན་ཀྱང་དགུན་ཁ་ཤར་ཚུན། གངས་བབས་ཚད་ཉུང་བ་དང་དྲོད་ཚད་མཐོ་ཙམ་ཡོད་པས་ས་ཁུལ་ལ་ལར་དཔྱིད་དུས་ཐན་པ་བསྟན་བཟོ་ཡོད་པ་མ་ཟད་དཔྱིད་རྨོད་ཐོན་སྐྱེད་ཀྱི་ཁོར་ཡུག་ཆ་རྐྱེན་དེ་ཙམ་ཡག་པོ་མེད། ལྷག་པར་དུ་གནམ་གཤིས་འགྱུར་ལྡོག་ཆེ་བ་དང་དེ་བཞིན་ནད་འབུའི་གནོད་འཚེ་ཚབས་ཆེན་གྱི་གཞི་གྲངས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་འགྱུར་ལྡོག་ཆེ་ཙམ་ཡོད་པ་དང་། ལོ་ཏོག་ལ་ནད་འབུའི་གནོད་འཚེ་ཐོན་བཟོ་ཡོད་པས་ནད་འབུའི་གནོད་འཚེ་གཅིག་གྱུར་ཐོག་སྔོན་འགོག་དང་མེད་པ་བཟོ་བའི་ལས་འགན་དཀའ་ཚེགས་ཆེན་པོ་ཡོད་ཅེས་བཤད། མིག་སྔར་མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་གིས་ཀྲུང་དབྱང་དང་ཞིང་ཨུད་ཀྱི་ཡིག་ཨང་དང་པོའི་དགོངས་དོན་དྲིལ་བསྒྲགས་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ལས་དོན་ཚོགས་ཆུང་8གྲོང་ཁྱེར་དང་ཀྲོའུ་8ལ་མངགས་ནས་དཔྱིད་རྨོད་དཔྱིད་གྲབས་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ཡོད། ཞིང་ཆེན་དེ་ཡོངས་ཀྱིས་ཞིང་སྤྱོད་རྒྱུ་ཆ་གཏོང་འདྲེན་གྲབས་གསོག་དང་མཁོ་སྤྲོད་བྱ་རྒྱུར་མུ་མཐུད་དམ་འཛིན་ཡག་པོ་བྱ་རྒྱུ་དང་འབྲེལ་འདེབས་གསོའི་ལག་རྩལ་ཁྱབ་གདལ་གཏོང་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་དཔྱིད་དུས་ཞིང་སྤྱོད་འགྱིག་ཤོག་སྲབ་མོ་སྤྱི་ཆིངས་ཁྲི་3.33ཁྱབ་གདལ་གཏོང་བའི་ལས་འགན་ལེགས་གྲུབ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།