འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་རྒྱལ་ཡོངས་ཀྱི་ཡུལ་སྐོར་སྤྱི་པའི་ཞབས་ཞུའི་ལྟ་སྐུལ་དོ་དམ་ལས་སྟེགས་བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་24ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་22ཉིན་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཞའོ་ཧྥེང་གིས་ཞ་མོན་དུ་འདི་ལོ་རང་རྒྱལ་གྱིས་རྒྱལ་ཡོངས་ཀྱི་ཡུལ་སྐོར་སྤྱི་པའི་ཞབས་ཞུའི་ལྟ་སྐུལ་དོ་དམ་ལས་སྟེགས་སྐྲུན་ནས་སྤྱི་ཚོགས་སྟོབས་ཤུགས་ཡུལ་སྐོར་ཁྲོམ་རའི་ལྟ་སྐུལ་དོ་དམ་ནང་ཞུགས་རྒྱུར་སྐོང་འཐེན་བྱས་ཏེ་ཡུལ་སྐོར་བ་ཁྲི་སྟོང་མང་པོ་ཞུ་གཏུག་དང་གདེང་འཇོག་བྱེད་དུ་བཅུག་ནས་ཁྲོམ་རའི་ལྟ་སྐུལ་དང་འགྲན་རྩོད་ལམ་སྲོལ་ཡག་ཤོས་ཆགས་པ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
              ཝང་ཞའོ་ཧྥེང་གིས་ན་ནིང་རང་རྒྱལ་གྱིས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ལོ་ཧྲིལ་པོའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་1324ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཡུལ་སྐོར་ལས་དོན་ཁང་819ལ་སྲིད་འཛིན་གྱི་ཆད་པ་བཅད་པ། སྲིད་འཛིན་གྱི་གྱོད་གཞིར་དངུལ་ཆད་སྒོར་ཁྲི་1324བཅད་པས་གྱོད་གཞི་ཞིབ་བཤེར་ཐག་གཅོད་དང་དངུལ་ཆད་གཏོང་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་ཡོད། 2016ལོར་རྒྱལ་ཡོངས་ལ་ཡུལ་སྐོར་ཞུ་གཏུག་ཁྱོན་18945འབྱོར་བ་དང་ཁྲིམས་གཏན་འཁེལ་བའི་དུས་བཀག་ནང་གྱོད་ཐག་ཆོད་ཚད་99.4%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་4མཐོ་རུ་ཕྱིན་པ་དང་ཆ་སྙོམས་ཀྱི་གྱོད་ཐག་ཆོད་པའི་དུས་ཚོད་ཀྱང་ཐུང་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས།
            ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་རྒྱལ་ཡོངས་ཀྱི་ཡུལ་སྐོར་སྤྱི་པའི་ཞབས་ཞུའི་ལྟ་སྐུལ་དོ་དམ་ལས་སྟེགས་སྐྲུན་རྒྱུ་ཡིན་ཞིང་། ལས་སྟེགས་དེས“མིས་མི་ལ་ལྟ་སྐུལ་བྱེད་པའི”རྣམ་པར་འགྱུར་ལྡོག་བཏང་ནས་ཡུལ་སྐོར་བས་ཞུ་གཏུག་དང་གདེང་འཇོག་བྱས་ཏེ་ཁྲིམས་འགལ་སྒྲིག་འགལ་གྱི་ཁེ་ལས་དང་གཉེར་སྐྱོང་བ་ཐེར་འདོན་བྱ་རྒྱུ་མ་ཟད། ཁེ་ལས་དང་གཉེར་སྐྱོང་བའི་ཞབས་ཞུའི་ཆུ་ཚད་ལ་གདེང་འཇོག་དང་ཚད་འབེབས་ཀྱང་བྱ་རྒྱུ་རེད། ལས་སྟེགས་དེས་ད་དུང“འཕྲལ་རྒོལ་རྣམ་པའི”ལྟ་སྐུལ་དོ་དམ་བྱེད་སྟངས་ལ་འགྱུར་ལྡོག་བཏང་ནས་ལྟ་སྐུལ་དོ་དམ་གྱི་དྲ་ཐོག་གན་རྒྱ་དང་། གློག་རྡུལ་གྱི་ལམ་ཐག་འཛིན་ཤོག ཡུལ་སྐོར་སྣེ་ཤན་པའི་དྲ་ཐོག་ངེས་གནས་སོགས་ལག་རྩལ་གསར་པ་བརྒྱུད། ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་བའི་དབར་གོང་ཁེ་བའི་དྲ་ཐོག་གན་རྒྱ་བཞག་ཡོད་ཚེ་ལས་སྟེགས་དེ་ནས་ཉེན་ཟོན་དྲན་སྐུལ་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།