འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་སྡེ་ཚན་བཞིས་མཉམ་འབྲེལ་ཐོག་《བརྡ་ཐོ་》བཏང་ནས་སྒྲིག་སྲོལ་ལས་འགལ་ཏེ་
    ཕོགས་སྣོན་དང་ཁ་གསབ་གཏན་ནས་སྤྲོད་མི་ཆོག་པའི་བླང་བྱ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་24ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི“སྲུང་བྱ་རྣམ་བཅུ”དང“བླང་བྱ་ཁག་དགུ”དོན་འཁྱོལ་གཏིང་ཟབ་བྱས་ནས་སྒྲིག་ཁྲིམས་ནན་པོ་སྔར་བས་སྲུང་བ་དང་། ཡོང་འབབ་བགོ་བཤའི་སྒྲིག་སྲོལ་སྲུང་བ། ཕོགས་སྣོན་དང་ཁ་གསབ་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཚད་ལྡན་དུ་གཏོང་བ། “སྤྱོད་ཚུལ་བཞི”ཡོ་བསྲང་གི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་བཅས་བྱ་ཆེད། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་དང་། རང་སྐྱོང་ལྗོངས་ནོར་སྲིད་ཐིང་། རང་སྐྱོང་ལྗོངས་མི་སྤྱི་ཐིང་། རང་སྐྱོང་ལྗོངས་རྩིས་བཤེར་ཐིང་བཅས་ཀྱིས་མཉམ་འབྲེལ་ཐོག《འབྲེལ་ཡོད་སྒྲིག་ཁྲིམས་བསྐྱར་བསྒྲགས་བྱས་ནས་སྒྲིག་སྲོལ་ལས་འགལ་ཏེ་ཕོགས་སྣོན་དང་ཁ་གསབ་གཏན་ནས་སྤྲོད་མི་ཆོག་པའི་སྐོར་གྱི་བརྡ་ཐོ》བཏང་བ་རེད།
           《བརྡ་ཐོའི་》ནང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་བཟུང་བོད་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོའི་གླ་ཕོགས་དང་ཐོབ་ཐང་ལ་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་ཆེན་པོ་གནང་ནས་དམིགས་བསལ་གྱི་གླ་ཕོགས་སྲིད་ཇུས་དང་འབྲེལ་ཡོད་ཕན་བདེའི་ཐོབ་ཐང་སྲིད་ཇུས་བཟོས་ཡོད། དེ་དང་དུས་མཚུངས་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཚད་ལྡན་ངང་ལས་དུས་འཕར་མའི་ཁ་གསབ་དང་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་བྱེད་མཁན་གྱི་འཚོ་བའི་ཁ་གསབ་སོགས་སྤྲོད་པའི་སྲིད་ཇུས་རབ་དང་རིམ་པ་བཏོན་པས། རྒྱ་ཆེའི་ལས་བྱེད་ལས་བཟོའི་གླ་ཕོགས་ཡོང་འབབ་དང་ལུགས་མཐུན་གྱི་ཕོགས་སྣོན་ཁ་གསབ་རིགས་འགན་ལེན་དང་ཚད་ལྡན་དུ་ཧུར་ཐག་བཏང་ཡོད། འོན་ཀྱང་ཏང་གི་ཚོཌ་ཆེན་བཅོ་བརྒྱད་པ་འཚོཌ་ཚུན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྐོར་གཟིཌ་དང་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་དང་དེ་བཞིན་རྩིས་བཤེར་ལས་ཁུངས་ཀྱིས་རྩིས་བཤེར་བྱས་པ་བརྒྱུད། བོད་ཀྱི་ས་གནས་དང་ཚན་པ་ཁག་གཅིག་ཏུ་སྔར་བཞིན་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ནས་གཅིག་གྱུར་གྱི་གླ་ཕོཌ་སྲིད་ཇུས་ཕུད། མ་དངུལ་སྣ་ཚོཌ་སྤྱད་དེ་སྒྲིག་འགལ་ངང་ཕོགས་སྣོན་དང་ཁ་གསབ་སྤྲོད་ཀྱི་ཡོད་ཅེས་འཁོད་ཡོད།
           《བརྡ་ཐོའི་》ནང་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་ཀྱི་དགོངས་དོན་གཞིར་བཟུང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། མི་སྤྱི། ནོར་སྲིད། བཟོ་ཚོགས་སོགས་སྡེ་ཚན་གྱི་གཏན་འབེབས་གསལ་པོ་ཡོད་པ་ཕུད། རྣམ་པ་དང་མིང་གང་རུང་ཐོག་ནས་སྒྲིག་འགལ་ངང་ཕོགས་སྣོན་དང་། ཁ་གསབ། བྱ་དགའི་དངུལ། ལས་དུས་འཕར་མའི་དངུལ་སོགས་ཀྱི་འགྲོ་གྲོན་སྤྲོད་རྒྱུ་གཏན་འགོག་བྱེད་དགོས། ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་ལྷག་དོན་དུ་འགོ་ཁྲིད་ལས་བྱེད་པ་ཚོས་ཏང་གཤིས་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། སྤྱོད་གཙང་རང་གཅུན་གྱི་བླང་བྱ་ཁག་སྣེ་འཁྲིད་ནས་བརྩི་སྲུང་ཞུ་བ། སྲིད་ཇུས་ཀྱི་དབྱེ་མཚམས་ནན་པོ་ཕྱེ་བ། སྒྲིག་ཁྲིམས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་བཅས་བྱས་ཏེ་ལས་བྱེད་ལས་བཟོའི་ཁྲིམས་མཐུན་ཁེ་དབང་སྲུང་དགོས་ལ་སྒྲིག་ཁྲིམས་དང་སྒྲིག་སྲོལ་ལས་འགལ་བའི་ལུགས་དང་མི་མཐུན་པའི་ཁེ་ཕན་ཡང་གཏན་འགོག་བྱེད་དགོས་པའི་ནན་བཤད་བྱས་ཡོད།
          《བརྡ་ཐོའི་》ནང་བོད་ཀྱི་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་(ཏང་ཙུའུ)ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ཧུར་ཐག་སྒྲུབ་པ་དང་། དྲིལ་བསྒྲགས་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བཅས་བྱས་ནས་ཚུལ་མིན་སྤྱོད་ངན་བཀག་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་སྟེ། གཅིག་ནས་གཏན་འབེབས་ལས་འགལ་ཏེ་ས་ཁུལ་དེ་ག་དང་སྡེ་ཚན་དེ་གས་རང་དགར་རྣམ་གྲངས་གསར་པ་བཙུགས་ནས་ཕོགས་སྣོན་དང་ཁ་གསབ་སྤྲོད་པའམ་ཡང་ན་བཀའ་རྒྱ་གསལ་པོ་བཏང་ནས་མེད་པ་བཟོས་པའི་ཕོགས་སྣོན་ཁ་གསབ་མུ་མཐུད་སྤྲོད་རྒྱུ་གཏན་འགོག་དང་། གཉིས་ནས་གཏན་འབེབས་ཀྱི་ཚད་གཞི་དང་ཁྱབ་ཁོངས་ལས་བརྒལ་ཏེ་ལས་དུས་འཕར་མའི་དངུལ་དང་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་མཁན་གྱི་འཚོ་བའི་ཁ་གསབ་དང་ལོའི་འཁོར་ཤག་མ་བསྡད་པའི་ཁ་གསབ་སྤྲོད་རྒྱུ་གཏན་འགོག གསུམ་ནས་གཞུང་ལས་པ་དང་ལས་སྒྲུབ་མི་སྣའི་བྱ་དགའི་གཏན་འབེབས་ལས་འགལ་ཏེ་མིང་སྣ་ཚོགས་བཏགས་ནས་ལས་བྱེད་ལས་བཟོ་ཡོངས་ལ་བྱ་དགའ་སྣ་ཚོགས་སྤྲོད་པའམ་ཡང་ན་ཚད་ལས་བརྒལ་ནས་བྱ་དགའི་དངུལ་སྤྲོད་རྒྱུ་གཏན་འགོག བཞི་ནས་སྒྲིག་འགལ་ངང་དངོས་ཟོག་ཉོ་སྒྲུབ་གཱ་དང་དངོས་པོ་སོགས་ཀྱི་ཐོག་ནས་ཕོགས་སྣོན་དང་ཁ་གསབ་སྤྲོད་རྒྱུ་གཏན་འགོག ལྔ་ནས་གཏན་འབེབས་ལས་འགལ་ཏེ་བཟོ་ཚོགས་ཀྱི་གྲོན་དངུལ་དང་། ཕན་བདེའི་གྲོན་དངུལ། ཆེད་དོན་གྲོན་དངུལ་གཞན་དག་བཅས་སྤྱད་དེ་ཕོགས་སྣོན་དང་ཁ་གསབ་སྤྲོད་རྒྱུ་གཏན་འགོག དྲུག་ནས་བྱེད་སྒོ་ཆེ་གྲས་སམ་ཡང་ན་དུས་ཆེན་གྱི་གོ་སྐབས་སྤྱད་དེ་སྒྲིག་འགལ་ངང་ཕོགས་སྣོན་དང་ཁ་གསབ་སྤྲོད་པ་དང་འཚམས་འདྲིའི་དངུལ་ཚད་ལས་བརྒལ་བ་སྤྲོད་རྒྱུ་གཏན་འགོག བདུན་ནས་སྒྲིག་ཁྲིམས་ལས་འགལ་ཏེ་སྨན་བཅོས་ཁ་གསབ་དང་། སྡོད་ཁང་ཁ་གསབ། འཕྲིན་གཏོང་ཁ་གསབ། འཚོ་བའི་ཁ་གསབ། འགྲིམ་འགྲུལ་ཁ་གསབ། ཆད་གྲངས་གླ་ཕོགས། གྲང་འགོག་ཚ་འགོག་འགྲོ་གྲོན། ཚད་གཞི་ལས་བརྒལ་ནས་སྡོད་ཁང་སྤྱི་གསོག་མ་དངུལ་བཅོལ་ཉར་བྱ་རྒྱུ་བཅས་གཏན་འགོག་བྱེད་དགོས།
           《བརྡ་ཐོའི་》ནང་རིམ་ཁག་ནོར་སྲིད་དང་མི་སྤྱི་སྡེ་ཚན་གྱིས་འགག་སྒོ་ནན་པོ་སྲུང་བ་དང་ལྟ་སྐུལ་ནན་པོ་བྱས་ནས་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་དུས་ཐོག་ཏུ་ཡོ་སྲང་དང་ཞིབ་བཤེར་ཐག་གཅོད་བྱས་ཏེ་ཕོགས་སྣོན་དང་ཁ་གསབ་སྤྲོད་པའི་ལས་དོན་ཁྱོན་ཡོངས་ནས་ཚད་ལྡན་དུ་གཏོང་དགོས། རྩིས་བཤེར་སྡེ་ཚན་གྱིས་རྩིས་བཤེར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཤེས་རྟོགས་ཐུབ་པའི་གནད་དོན་དུས་ཐོག་ཏུ་བཅོས་སྒྲིག་ལ་སྐུལ་འདེད་བཏང་སྟེ་སྒྲིག་ཁྲིམས་ལས་འགལ་བའི་དོགས་པ་ཡོད་ཚེ་དུས་ཐོག་ཏུ་སྒྲིག་བཤེར་ལྟ་ཞིབ་སྡེ་ཚན་ལས་ཁུངས་ལ་གནད་དོན་གྱི་ཁུངས་སྣེ་སྐྱེལ་དགོས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་གྱི་འགན་འཁྲི་རྩད་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྒྲིག་འགལ་ངང་ཕོགས་སྣོན་དང་ཁ་གསབ་སྤྲོད་པའི་བྱེད་སྤྱོད་དེ་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་གྱི་ནང་དོན་གཙོ་བོར་བརྩི་བ་དང་། ཡིག་སྐུར་ངོ་བཅར་བྱེད་ལམ་ཤར་གཏོང་བྱེད་པ། སྒྲིག་ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། བཀའ་རྒྱ་ཡོད་རུང་ལག་ལེན་མི་བསྟར་བ་དང་གཏན་འགོག་བྱས་ཀྱང་མཚམས་འཇོག་མ་བྱས་པའི་རིགས་ཀྱི་གནད་དོན་གཅིག་ཤེས་རྟོགས་ཐུབ་ཕྱིན་ཞིབ་བཤེར་ཐག་གཅོད་བྱས་ཏེ་བརྡ་ཁྱབ་བཏང་ནས་དམར་རྗེན་དུ་འདོན་དགོས་པ་ལས་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་། སྒྲིག་སྲོལ་ལས་འགལ་ནས་ཕོགས་སྣོན་དང་ཁ་གསབ་སྤྲད་པ་རྣམས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བཅོས་སྒྲིག་བྱ་རྒྱུའི་བཀའ་གཏོང་དགོས་པ་དང་འབྲེལ་ཚང་མ་གཙང་འཇལ་བསྡུ་ལེན་བྱེད་དགོས། ལས་ཀའི་བྱེད་ཐབས་ཏན་ཏིག་མེད་པ་དང་། ལྟ་སྐུལ་དང་དོ་དམ་བྱེད་ཤུགས་མི་འདང་བ། སློབ་གསོ་དོན་ཐོག་ཏུ་མི་འཁྱོལ་བ་བཅས་ཀྱི་རྐྱེན་པས་ས་གནས་དེ་ག་དང་ཚན་པ་དེ་གར་ཐོན་པའི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་ནས་ཕོགས་སྣོན་དང་ཁ་གསབ་དངུལ་སྤྲོད་པའི་གནད་དོན་ནམ་ཡང་ན་གནད་དོན་ཐོན་རིགས་བཀག་འགོག་མ་བྱས་པ་དང་ཞིབ་བཤེར་ཐག་གཅོད་མ་བྱས་པའི་རིགས་ལ“གྱོད་གཞི་གཅིག་ལ་ཞིབ་བཤེར་གཉིས”ལག་བསྟར་ནན་པོ་བྱེད་དགོས་ཞེས་འཁོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།