འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།དཔལ་མགོན་རྫོང་གི་འབྲོག་པ་7གནམ་མཚོར་ཉེན་གནས་སུ་གྱར་ཞིང་མི་2བསྐྱབས་པ་དང་
    མི་5གར་སོང་ཆ་མེད་དུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་24ཉིན། 15:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དཔལ་མགོན་རྫོང་གི་འབྲོག་པ་7གནམ་མཚོར་ཉེན་གནས་སུ་གྱར་ཞིང་མི་2བསྐྱབས་པ་དང་
མི་5གར་སོང་ཆ་མེད་དུ་གྱུར་པ།
           མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་23ཉིན། བོད་ལྗོངས་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡིས་གནས་འཕྲིན་སྤེལ་བ་ལྟར་ན། སྤྱི་ཟླ་2ཚེས་19ཉིན། བོད་ལྗོངས་ནག་ཆུ་ས་ཁུལ་དཔལ་མགོན་རྫོང་ཕྱིང་ལུང་ཤང་གི་འབྲོག་པ་7གནམ་མཚོ་ཕྱུག་མོའི་གླང་མདོ་གླིང་ཕྲན་དུ་ཕྱུགས་འཚོ་བར་འགྲོ་དུས་མཚོ་ངོས་ཀྱི་ཆབ་རོམ་རྡིབ་པའི་དབང་གིས་མི་5མཚོ་ངོས་སུ་གཡེང་བའི་ཆབ་རོམ་སྟེང་འགགས་པ་དང་། མི་གཉིས་གླིང་ཕྲན་སྟེང་འགགས་པ་རེད།
         ཉིན་ཤས་བསྟུད་མར་མྱུར་སྐྱོབ་བྱས་པ་བརྒྱུད། ཚེས་23ཉིན་གྱི་ཆུ་ཚོད་20:00ཡི་བར་དུ་མང་ཚོགས་ཀྱིས་གླང་མདོ་གླིང་ཕྲན་སྟེང་འགགས་པའི་མི་2སྐྱབས་པ་དང་། མི་གཞན་དག་5སྔར་བཞིན་འཚོལ་སྐྱོབ་བྱེད་བཞིན་ཡོད་པ་རེད།
          དོན་རྐྱེན་བྱུང་རྗེས། བོད་རང་སྐྱོང་ལྗོངས་ཀྱིས་འཕྲལ་མར་ཐད་འཕུར་གནམ་གྲུ་གཉིས་མངག་གཏོང་བྱས་ཏེ་མྱུར་སྐྱོབ་ནང་ཞུགས་པ་དང་། བཅའ་སྡོད་བྱེད་པའི་དམག་དཔུང་དང་། དྲག་ཆས་ཉེན་རྟོག་པ། སྤྱི་བདེ་མེ་གསོད་མེ་འགོག་རུ་མི་བཅས་འདུས་པའི་མི་སྣ་155ལས་གྲུབ་པའི་རོགས་སྐྱོབ་རུ་ཁག་མངགས་པ་དང་། ནག་ཆུ་ས་ཁུལ་ཨུད་ལྷན་དང་སྲིད་འཛིན་ཀུང་ཧྲུའུ། དཔལ་མགོན་རྫོང་ཨུད་ལྷན་དང་སྲིད་གཞུང་གིས་མཚན་མོ་ནས་ས་གནས་དེ་གའི་ལས་བྱེད་པ་དང་། ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་བྱས་ཏེ་དོན་རྐྱེན་བྱུང་ཡུལ་དུ་བསྐྱོད་ནས་ནུས་ཤུགས་ཡོད་རྒུས་ཉེན་གནས་མི་སྣ་འཚོལ་སྐྱོབ་དང་མྱུར་སྐྱོབ་བྱས་པ་རེད།
          གནམ་མཚོ་ཕྱུག་མོའི་མཚོ་ངོས་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4700ལྷག་ཡོད་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་1920ཡོད་པས། འདི་ནི་འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་མཐོ་ཤོས་སུ་ཆགས་པའི་ཚཱ་མཚོ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།