འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་དུ་ནགས་ཚལ་སྒྱུར་བཅོས་ཚོད་ལྟའི་བདག་དབང་གཏན་འཁེལ་བྱེད་ཚད་100%ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་24ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། བོད་ཀྱི་གྲོང་གསེབ་ས་ཆའི་ལམ་ལུགས་སྒྱུར་བཅོས་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། བོད་ཀྱི་ནགས་ཚལ་ཐོན་ཁུངས་བརྟག་དཔྱད་ཐེངས་གཉིས་པ་དང་སྤྱི་ཕན་ནགས་ཁུལ་ས་མཚམས་དབྱེ་བའི་ལས་དོན་མཇུག་འགྲིལ་བ་དང་བསྟུན་ནས། བོད་ཀྱི་མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་ཀྱི་འཕེལ་རིམ་བདེ་བླག་བྱུང་སྟེ་ནགས་ཚལ་སྒྱུར་བཅོས་ཚོད་ལྟའི་ལས་དོན་གྱི་བདག་དབང་གཏན་འཁེལ་བྱེད་ཚད་100%ཟིན་པ་དང་། དུད་ཚང་དུ་འབྱོར་ཚད་4.8%ཟིན་པ། ནགས་དབང་ལག་ཁྱེར་300སྤྲད་པ། ལག་ཁྱེར་སྤྲད་པའི་རང་བདག་ས་ཆ་ཁག་438ཟིན་པ་བཅས་རེད།
           ངོ་སྤྲོད་བྱས་པར་གཞིགས་ན། 2009ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་ཚུན། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་སོགས་གྲོང་ཁྱེར་(ས་ཁུལ)5ཡི་ཤང་གྲོང་6ཏུ་མི་བཟོས་ནགས་ཚལ་གྱི་ས་མཚམས་རྟོག་ཞིབ་དང་བདག་དབང་ཁས་ལེན་བྱས་པའི་རྒྱ་ཁྱོན་བསྡོམས་མུའུ་36507.3ཟིན་པ་དང་རང་བདག་ས་ཆ་ཁག་669ཟིན་པར། ཞིང་དུད་4625དང་ཞིང་འབྲོག་པ་19853དང་འབྲེལ་བ་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཕྱིར། རང་སྐྱོང་ལྗོངས་སྲིད་གཞུང་རྒྱུན་ལས་ཨུ་ལྷན་གྱིས་《བོད་རང་སྐྱོང་ལྗོངས་ཀྱི་མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་ལག་བསྟར་ཇུས་གཞིར་》ཞིབ་འཇུག་དང་གྲོས་འཆམ་བྱས་ནས་ཉེ་ཆར་པར་འགྲེམས་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།